ཉེ་བའི་ལོ་འདི་དག་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་མཛུབ་སྟོན་དགོངས་པ་གལ་ཆེན་ལག་ལེན་མཐིལ་ཕྱིན་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡི་ཞིབ་ཕྲའི་མཛུབ་སྟོན་དང་བླང་བྱ་བརྩི་སྲུང་བྱས་ནས། ཁ་གཏད་རོགས་སྐྱོར་དང་གྲོང་གསེབ་དར་སྤེལ། ཐོན་ལས་འཕེལ་རྒྱས། སྨན་བཅོས་སློབ་གསོ་སོགས་ཕྱོགས་སུ་ནུས་ཤུགས་བཏོན་ཏེ། མང་ངེ་ཡི་ཁ་གཏད་རོགས་སྐྱོར་བྱ་བར་ཕན་འབྲས་གསར་བ་ཐོབ།
ཐེ་ཀྲོའུ་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་ནས་མང་ངེ་བར་འབྲེལ་བ་ཟབ་མོ་ཆགས་ཡོད། ཉིས་སྟོང་ཉེར་བཞི་ལོར་མང་ངེ་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན་ཐེ་ཀྲོའུ་གཉིས་ཀྱིས་མཉམ་ལས་གཏིང་ཟབ་བྱས། ཐེ་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་གྱིས་སྨན་ཁང་འགན་ལེན་བྱེད་པ་དང་། སྨན་ཁང་གིས་ཚན་ཁག་འགན་ལེན་བྱེད་པའི་རོགས་སྐྱོར་རྣམ་པ་སྐྲུན་ནས། སྨན་བཅོས་ཆེད་མཁས་པ་དྲུག་གདན་ཞུ་བྱས་ནས་མང་ངེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་རོགས་སྐྱོར་དང་། སྲིད་འཛིན་དོ་དམ། ཕྱི་ནད་ཚན་ཁག ཚད་བརྒལ་སྒྲ་རླབས་བརྟག་དཔྱད། མོ་ནད་ཚན་ཁག་བཅས་ཀྱི་ཁྱབ་ཁོངས་སུ་ཚན་སྐོར་རྣམ་པའི་སྨན་བཅོས་རོགས་སྐྱོར་བྱ་བ་སྤེལ། ཁ་གཏད་མཛུབ་སྟོན་བྱས་པ་བརྒྱུད། སྨན་བཅོས་དོ་དམ་དང་རིག་ཚན་འཛུགས་སྐྲུན། ལས་གཉེར་ཟབ་སྦྱོང་། ལག་རྩལ་གསར་བར་འདྲིས་པར་བྱེད་པ་བཅས་ཀྱི་ཕྱོགས་སུ་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། མང་ངེ་གྲོང་ཁྱེར་གྱི་སྨན་བཅོས་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་། ཐེ་ཀྲོའུ་ཞིང་ལས་ཞིང་སྡེ་ཅུའུ་དང་མང་ངེ་གྲོང་ཁྱེར་ཞིང་ཕྱུགས་དང་ཆུ་བེད་ཅུའུ་ཡིས་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་སྒྲིམ་གཞི་བཀོད་དེ། ས་ཁུལ་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་དང་ཟོང་རྟགས་འཛུགས་སྐྲུན། འཇོན་མི་བརྗེ་རེས། འཛད་སྤྱོད་རོགས་སྐྱོར་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཕྱོགས་སུ་མཉམ་ལས་གཏིང་ཟབ་བྱས་ནས། ས་ཁུལ་གཉིས་ཀྱི་ཞིང་ལས་ཞིང་སྡེའི་སྡེ་ཁག་བར་དུ་མཉམ་ལས་གཉིས་རྒྱལ་ཡོང་བར་བྱས་པ་དང་། མང་ངེ་གྲོང་ཁྱེར་གྱི་གྲོང་གསེབ་དར་སྤེལ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
དུས་མཉམ་དུ། ཐེ་ཀྲོའུ་གྲོང་ཁྱེར་སློབ་གསོ་ཅུའུ་དང་མཚོ་སྔོན་ཡུག་ཐེན་སློབ་གསོའི་དོ་དམ་ལྟེ་གནས་གཉིས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཁ་གཏད་རོགས་སྐྱོར་དང་སློབ་གསོ་མཉམ་སྐྲུན་གྱི་གན་རྒྱ་བཞག་ནས། སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་ཁ་གཏད་རོགས་སྐྱོར་མ་ལག་བཙུགས། དྲ་ལམ་སློབ་ཁྲིད་ཞིབ་འཇུག་དང་དྲ་ལམ་སློབ་ཚན་གྱི་སྟེགས་བུ་སྐྲུན་ནས། རིག་ནུས་སློབ་སྒྲུབ་སློབ་ཁྲིད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱི་སློབ་གྲྭས་མཉམ་སྦྲེལ་དྲ་རྒྱ་དང་ལག་རྩལ་བེད་སྤྱད་ནས། མང་ངེ་ལ་སྤྱི་སྒྲོག་སློབ་ཁྲིད་དང་ལྟ་སྐོར་སློབ་ཁྲིད། ཆེད་མཁས་པའི་འཆད་ཁྲིད་སོགས་འདོན་སྤྲོད་བྱས་ནས། རིག་ཚན་དགེ་རྒན་གྱི་ཁ་གཏད་བརྗེ་རེས་ལ་སྐུལ་འདེད་བཏང་ནས། སློབ་གསོ་སློབ་སྒྲུབ་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།