མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་སྟོང་དང་ཚོང་ཁང་ཁྲི་ལ་འཚམས་འདྲི་བྱས་ནས་ཁེ་ལས་ཀྱི་དངུལ་བསྲེས་དཀའ་གནད་ཐག་བཅད།
2025.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གིས་ཁེ་ལས་ཕྲན་ཆུང་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བསྲེས་མཐུན་སྦྱོར་བྱ་བའི་གཞུང་སྒྲུབ་ཁང་གི་གཅིག་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། མཚོ་སྔོན་ཡིད་རྟོན་དངུལ་བསྲེས་སྟེགས་བུ་ལ་རྒྱབ་རྟེན་ནས་དངུལ་བསྲེས་དགོས་མཁོའི་སྦྲེལ་མཐུད་མ་ལག་མྱུར་དུ་གསར་སྤེལ་བྱས་ལ། འཚམས་འདྲི་ཞིབ་བཤེར་དང་ཚགས་འདེམས་ངོ་སྤྲོད། དངུལ་བུན་སྟེར་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་དྲ་ཐོག་ནས་བསྒྲུབ་པའི་ལས་སྒོའི་ཟུམ་གདུབ་བཙུགས་པ་དང་། སྲིད་གཞུང་དང་དངུལ་ཁང་གཉིས་ཀྱིས་མཉམ་དུ་ཤུགས་འདོན་པ་བརྒྱུད་དེ་ཁེ་ལས་ཀྱི་དངུལ་བསྲེས་དཀའ་གནད་ཐག་བཅད་ནས། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཕྲན་ཆུང་གིས་ཚོང་གཉེར་ལེགས་བསྒྱུར་བྱེད་པ་དང་ཁེ་སྤོག་ཇེ་མཐོར་གཏོང་བ། གསོན་ཤུགས་ཆེར་སྐྱེད་པར་རོགས་རམ་བྱས། ཟླ3པའི་ཚེས17ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཁྲི་གསུམ་དང་སྟོང་གཅིག་བདུན་བརྒྱ་ཞེ་དགུ་ལ་འཚམས་འདྲི་བྱས་པ་དང་། ཁེ་ལས་ཁྲི་གཅིག་དང་སྟོང་བཞི་གོ་བརྒྱད་ལ་ཞིབ་བཤེར་བྱས་ནས་སྙན་ཞུའི་གསལ་ཕྲ་བཙུགས་ལ། ཚགས་འདེམས་བྱས་པ་བརྒྱུད་དེ་ངོ་སྤྲོད་གསལ་ཕྲའི་ཁྲོད་ཀྱི་ཁེ་ལས་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ་ཞེ་དགུ་ལ་སོང་བ་དང་། དངུལ་ཁང་སོ་སོས་ཁེ་ལས་ཁྲི་གཅིག་དང་ཉིས་བརྒྱ་ང་ལྔར་ཡིད་རྟོན་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་བྱེ་བ་གཉིས་ས་ཡ་གཉིས་བྱིན་ལ། བསྡོམས་པས་ཁེ་ལས་ཁྲི་གཅིག་དང་བརྒྱ་ལ་དངུལ་བུན་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་གསུམ་བྱིན།

ཡུལ་དངོས་ཀྱི་འཚམས་འདྲི་ཞིབ་བཤེར་མི་སྣས་དྲ་ཐོག་ཡོ་བྱད་བཀོལ་སྤྱོད་བཟང་བོ་བྱས་ནས། ཤོག་མེད་ཅན་གྱི་ཡུལ་དངོས་འཚམས་འདྲི་དང་དྲ་ཐོག་གི་ཞབས་ཞུ་གཉིས་མཉམ་བསྲེས་བྱས་པ་དང་། ཨང་བཤེར་བརྒྱུད་དེ་ཁེ་ལས་ཕྲན་ཆུང་གི་ཡིད་རྟོན་ཆ་འཕྲིན་རང་འགུལ་གྱིས་ཕྱོགས་བསྡུས་བྱེད་པ་དང་དངུལ་བསྲེས་དགོས་མཁོ་རང་འགུལ་གྱི་བརྒྱུད་སྐྱེལ་བྱེད་པ། དངུལ་ཁང་གི་དངུལ་བུན་བསྐྱི་བའི་ཡིག་ཐོག་སྙན་ཞུ་མ་ལག་དང་རང་འགུལ་གྱི་འབྲེལ་མཐུད་བྱེད་པ་བཅས་བྱས་ནས། ཁེ་ལས་དང་གཞི་རིམ་སྲིད་གཞུང་། དངུལ་ཁང་གི་ལས་བྱེད་མི་སྣའི་ཆ་འཕྲིན་ཁ་སྐོང་དང་ཞིབ་དཔྱད་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་།

ཞིང་ཆེན་རིམ་པའི་བྱ་བའི་རྐྱེན་སྲོལ་གྱི་གཅིག་འདོམས་མཐུན་སྦྱོར་འགན་ནུས་དང་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས། མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་དང་མཉམ་དུ་སྔ་གཞུག་ཏུ་བྱ་བའི་རྐྱེན་སྲོལ་སྐུལ་སྤེལ་གྲོས་ཚོགས་དང་དངུལ་ཁང་ལས་ཁུངས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། སྡེ་ཁག་སོ་སོ་དང་ས་ཁུལ་སོ་སོའི་བར་གྱི་བརྗེ་རེས་སྦྲེལ་མཐུད་ཀྱི་ལྕགས་ཟམ་བཙུགས་ལ། སྔོན་དུ་ཞབས་ཞུ་བྱས་པ་དང་ཁེ་ལས་སྟོང་དང་ཚོང་ཁང་ཁྲི་ལ་འཚམས་འདྲི་བྱེད་པའི་བརྒྱུད་རིམ་་ཁྲོད་འཕྲད་པའི་རིགས་མི་འདྲ་བའི་དཀའ་ཁག་སྣ་ཚོགས་ལ་ཞིབ་འཇུག་བྱས་ནས་ཐག་བཅད། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ་ཆུའུ་དང་རྫོང་སྐོར་ཞིག་ལ་སོང་ནས་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། གཞི་རིམ་བྱ་བའི་ཆེད་དོན་ཚན་ཁག་སྐུལ་སློང་བྱས་ནས་གནད་འགག་གི་ནུས་པ་འདོན་སྤེལ་བྱས་ཏེ། དངུལ་རྩས་ཁེ་ལས་ཕན་འདོགས་པའི་ཐད་ཀྱི་ཆེས་ཐོག་མའི་སྤྱི་ལེ་གཅིག་ནས་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་དཀའ་གནད་ཐག་བཅད།

མཚོ་སྔོན་ཞིང་ཆེན་གྱི་ནུས་པ་ལྡན་པའི་སྒོ་ནས་ཡིད་རྟོན་ཉམས་གསོའི་དོན་དག་གཅིག་བསྒྲུབ་པའི་བྱ་བའི་ཇུས་གཞི་ལག་བསྟར་ཟབ་མོ་བྱས་པ་དང། ཡིད་རྟོན་ཀྲུང་གོ་དང་ཡིད་རྟོན་མཚོ་སྔོན་གྱི་དྲ་ཚིགས་དང་མཚོ་སྔོན་གྱི་སྲིད་དོན་ཞབས་ཞུའི་དྲ་རྒྱ་རུ་ནུས་པ་ལྡན་པའི་སྒོ་ནས་ཡིད་རྟོན་ཉམས་གསོའི་དོན་དག་གཅིག་བསྒྲུབ་པའི་ཆེད་སྒྲིག་བཙུགས་ལ། ཞིང་ཆེན་ཡོངས་སུ་གཅིག་གྱུར་སྒོས་རེའུ་མིག་གཅིག་དང་དཔྱད་གཞི་ཆ་གཅིག་ལག་བསྟར་བྱས་ཏེ། རིགས་མི་འདྲ་བའི་ཡིད་ཆེས་ཤོར་བར་ཉམས་གསོ་བྱེད་པའི་བྱ་བ་ཐད་ཀར་བསྒྲུབ་པ་དང་ནུས་པ་ལྡན་པའི་སྒོ་ནས་བསྒྲུབ་ཐུབ་པར་བྱས། དྲ་ཐོག་ནས་བསྒྲུབ་པ་དང་མཉམ་ལས་སྒོས་བསྒྲུབ་པ་བརྒྱུད་དེ། དུས་ཐོག་ཏུ་ཁེ་ལས་ཀྱི་ཡིད་ཆེས་ཤོར་བར་ཉམས་གསོ་བྱས་པ་དང་། ཡིད་རྟོན་གྱི་སྣང་བརྙན་བཟང་བོ་བསྐྱར་བསྐྲུན་བྱས་ནས། དངུལ་གསོག་གི་ཐོབ་སླའི་རང་བཞིན་ཇེ་མཐོར་བཏང་།

རིན་ཆེན་མཚོས་བསྒྱུར།