མཚོ་སྔོན་ཞིང་ཆེན་གྱི་རྒུད་གསབ་ལས་སྤྲོད་ལས་གཞིའི་སྡེ་དམངས་རང་སྐྲུན་བྱ་བའི་ཚོད་ལྟའི་ཕྱོགས་སྟོན་པར་འགྲེམ་བྱས།
2025.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་སྔོན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་རྒུད་གསབ་ལས་སྤྲོད་ལས་གཞིའི་སྡེ་དམངས་རང་སྐྲུན་བྱ་བའི་ཚོད་ལྟའི་ཕྱོགས་སྟོན་པར་འགྲེམ་བྱས། དེ་ནི་རང་ཞིང་གིས་རྒུད་གསབ་ལས་སྤྲོད་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལས་གཞིའི་འབྲེལ་མཐུད་རྣམ་པ་གསར་གཏོད་བྱེད་པ། ངལ་རྩོལ་རྩ་འཛུགས་ཀྱི་མ་དཔེ་ལེགས་བསྒྱུར་བྱེད་པརའི་ཐད་ནས་འཚོལ་ཞིབ་ཟབ་མོ་དང་ཕན་ལྡན་ཚོད་ལྟ་བྱས་པ་ཡིན་ལ། དེས་རང་ཞིང་གིས་སྲིད་ཇུས་ལག་བསྟར་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་པའི་སྟེང་གོམ་སྟབས་གསར་བ་བསྒྱུར་བ་མཚོན་ཡོད།

རྒུད་གསབ་ལས་སྤྲོད་ནི་མང་ཚོགས་ཀྱིས་ཉེ་འགྲམ་ནས་ལས་ཞུགས་ཡོང་འཕར་བྱེད་པ་དང་ངལ་རྩོལ་རྩལ་ནུས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་གལ་ཆེན་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། ལས་ཞུགས་གཙོར་འཛིན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་བགོ་བཤའ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་ཐབས་ལམ་ཡང་ཡིན། བྱ་བའི་ཕྱོགས་སྟོན་གྱིས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། རྒུད་གསབ་ལས་སྤྲོད་ཀྱི་སྡེ་དམངས་རང་སྐྲུན་མ་དཔེ་འཚོལ་ཞིབ་བྱས་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་སྡེ་དམངས་རང་སྐྲུན་གྱི་གོ་རིམ་ཧྲིལ་བོའི་ཚད་གཞི་ཅན་གྱི་དོ་དམ་མ་ལག་བཙུགས་ལ། གཙོ་བོར་བྱ་བའི་བརྒྱུད་རིམ་དང་བྱ་བའི་ནང་དོན། བྱ་བའི་ཚད་གཞི། ལས་གཞི་ཇུས་འགོད་སོགས་ཕྱོགས་ནས། ངལ་རྩོལ་མང་ཚོགས་གཏན་ཁེལ་བྱེད་པ་དང་ངལ་རྩོལ་གླ་ཕོགས་སྟེར་བ། དངོས་ཟོག་ཉོ་སྒྲུབ། ལག་བསྟར་སྐུལ་འདེད། ལེགས་འགྲུབ་ཞིབ་དཔྱད་སོགས་ཀྱི་གནད་འགག་དུས་རིམ་ཇེ་ཞིབ་ལེགས་བསྒྱུར་བྱས་པ་དང་། ལས་གཞི་འཛུགས་སྐྲུན་གྱི་སྔོན་དང་འཛུགས་སྐྲུན་བར་སྐབས། འཛུགས་སྐྲུན་ལེགས་གྲུབ་རྗེས་ཀྱི་བརྒྱུད་རིམ་ཧྲིལ་བོའི་དོ་དམ་དཔྱད་གཞི་མ་དཔེ་ལ་གཅིག་འདོམས་ཇུས་འགོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་སྡེ་དམངས་རང་སྐྲུན་གྱི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས།  སྡེ་དམངས་རང་སྐྲུན་གྱི་རྣམ་པ་སྤྱད་དེ་རྒུད་གསབ་ལས་སྤྲོད་ཀྱི་ལས་གཞི་ལག་བསྟར་བྱེད་པ་བརྒྱུད་དེ། ཚད་ཡོད་ཀྱི་མ་དངུལ་ལས་གཞི་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་བ་དང་། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ངལ་རྩོལ་གླ་ཕོགས་སྟེར་བའི་བསྡུར་ཚད་ཇེ་མཐོར་གཏོང་བ། ཁྱབ་ཁོངས་སྔར་ལས་ཆེན་པོས་ཡོང་སྒོ་དམའ་བའི་མང་ཚོགས་ཀྱིས་ཉེ་འགྲམ་ནས་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱེད་ཐུབ་པ་མ་ཟད། ད་དུང་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་གཏོང་ཐུབ་པ་དང་། མང་ཚོགས་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཞུགས་པའི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་ལ། མང་ཚོགས་ཀྱི་བདག་པོའི་འདུ་ཤེས་ཆེར་སྐྱེད་པ་དང་། ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་ཇེ་མཐོར་བཏང་ལ། མཇུག་མཐར་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་གཉིས་ཇེ་མཐོར་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་སྒུལ་ནུས་གསར་བ་བསྣན།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བྱ་བའི་ཕྱོགས་སྟོན་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་རྒུད་གསབ་ལས་སྤྲོད་ལས་གཞི་ལག་བསྟར་བྱེད་པའི་གནད་འགག་གི་བྱེད་ཐབས་སུ་བརྩིས་ཏེ། ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་དང་མཉམ་དུ་ས་གནས་ཀྱིས་ཆ་རྐྱེན་ལོངས་པའི་ས་ཁུལ་འདེམ་པར་མཛུབ་སྟོན་བྱེད་པ་དང་། སྡེ་དམངས་རང་སྐྲུན་གྱི་རྣམ་པ་སྤྱད་དེ་རྒུད་གསབ་ལས་སྤྲོད་ཀྱི་ལས་གཞི་ལག་བསྟར་བྱེད་པའི་ཚོད་ལྟ་བྱ་བ་སྤེལ་ནས། རྒུད་གསབ་ལས་སྤྲོད་དེ་མང་ཚོགས་ཀྱིས་ལས་ཞུགས་བྱེད་པའི་ལམ་བུ་གལ་ཆེན་དང་གྲོང་གསེབ་འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་དུ་འགྱུར་བར་བྱེད་པ་དང་། རྒུད་གསབ་ལས་སྤྲོད་ལས་གཞིས་ལས་ཞུགས་སྦས་ཤུགས་སྔོག་འདོན་ནང་འགུག་བྱེད་པ་དང་ངལ་རྩོལ་གླ་ཕོགས་སྟེར་བའི་གཞི་ཁྱོན་རྒྱ་སྐྱེད་པའི་ཁྲོད་ཀྱི་གནད་འགག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་འཕེལ་རྒྱས་བཅོས་བསྒྱུར་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།