མཚོ་སྔོན་ཧུའུ་ཀྲུའུ་ཚོང་འགུག་དངུལ་འདྲེན་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས།
2025.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས11ཉིན། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་དོན།   ཆེ་གྲས་བསྡུ་ལེན་དང་སྟོབས་ལྡན་ནང་འདྲེན་བྱེད་པ་དང་། གསར་བ་བསྡུ་ལེན་དང་ལེགས་པོ་ནང་འགུག་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་ཀྱི་དཔེ་རིས་དང་། ཚོང་འགུག་དཔེ་རིས། ཚོང་འགུག་ལས་གཞིའི་མཛོད། ནང་འགུག་ལས་གཞིའི་གསལ་ཐོ་བཅས་གཏན་འབེབས་བྱས་ནས། ཚོང་འགུག་དངུལ་འདྲེན་ལ་ཐོག་མའི་གྲུབ་འབྲས་བཟང་བོ་ཐོབ་པར་བྱས། སྒུལ་ཤུགས་གཅིག་བསྡུས་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཆགས་པ་དང་། ལས་གཞི་དངོས་འབབ་བྱེད་པ་དམ་འཛིན་བྱས་ནས་མུ་འབྲེལ་ཁ་གསབ་བྱེད་པ་དང་ཚོང་འགུག་དངུལ་འདྲེན་གྱིས་མགྱོགས་མྱུར་ངང་ཐོན་ལས་མཉམ་འདུས་ཀྱི་གནས་བབས་ཆགས་པར་བྱས་ཡོད།

ད་ལོའི་ལོ་མགོར་ཧུའུ་ཀྲུའུ་རྫོང་གིས་ཧུའུ་ཀྲུའུ་ཡི་ཁྱད་ཆོས་དང་ཐོན་ལས་ཁྱད་སྟོབས་མངོན་པར་རྐང་བཙུགས་ནས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ལས་འཆར་འགོད་དང་ཐོན་ལས་མུ་འབྲེལ་དཔེ་རིས་དང་ཟུང་འབྲེལ་བྱས་ཏེ། རྫོང་ཡོངས་ཀྱི་སྡེ་ཁག་དང་ལུས་ཁུངས་ཚན་ཁག་གིས་ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། ལྗང་མདོག་རྩིས་ནུས། མིས་བཟོས་རིག་ནུས་དང་། སྐྱེ་དངོས་སྨན་བཟོ། བར་སྣང་དམའ་སའི་དཔལ་འབྱོར། མཛོད་ཉར་དངོས་སྐྱེལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། སྔོ་ཚལ་གྲང་འཁྱག་ལས་སྣོན་སོགས་ཀྱི་ཐོན་ལས་ལ་དམིགས་ནས་ཚོང་འགུག་དཔེ་རིས་དང་གསོག་འཇོག་ལས་གཞི། ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གཙོ་བོ་བྱས་བ་དང་། དཔེ་རིས་གཉིས་གཞིར་བཟུང་ནས་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སྣ་མང་རང་བཞིན་གྱི་ཐོན་ལས་ཚོང་འགུག་བྱ་བ་རྒྱ་ཆེར་སྤེལ།

ཁེ་ལས་ཀྱི་རིག་ནུས་ཅན་གྱི་བསྒྱུར་བཀོད་དང་ཡིག་ཚགས་ཀྱི་རིམ་སྤོར།ལས་རིགས་ཀྱི་མཉམ་ལས།མངགས་ཐོ་གློད་གཏོང་སོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཤིང་། ཚོང་འགུག་ཇུས་གཞི་ཡང་དག་པར་གཏན་འབེབས་བྱས་ཏེ། ལས་གཞི་གཅིག་དང་སྲིད་ཇུས་གཅིག་གི་ཚོང་འགུག་དང་།གཅིག་གཏད་གཅིག་གིའབྲེལ་གཏུག་ཞབས་ཞུ་བཅས་ཀྱིས་མུ་སབྲེལ་ཚོང་འགུག་དང་གསར་དར་ཐོན་ལས་ཀྱི་མུ་འབྲེལ་འགུལ་བསྐྱོད་སྤེལ་ནས་རིག་ནུས་བཟོ་སྐྲུན་ལས་རིགས་ཀྱི་རྣམ་པ་མང་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཧུའུ་ཀྲུའུ་རྫོང་གིས་ཧུར་ཐག་གིས་ཕྱོགས་ཡོངས་ཀྱི་སྟོབས་ཤུགས་བསྡུ་སྒྲིག་བྱས་ནས་ཚོང་འགུག་དངུལ་འདྲེན་བྱ་བ་སྔོན་ལ་བཟང་བོ་བསྒྲུབ་ཆེད། ཚོང་འགུག་བྱ་བའི་ཆེད་དོན་འཛིན་གྲྭ9བཙུགས་ནས་འགན་འཁུར་མི་སྣ་དང་།སྣེ་ཁྲིད་ལས་ཁུངས། འགན་འཁུར་ལས་ཁུངས། དེ་བཞིན་བྱ་བའི་འགན་འཁྲི་་སོགས་གསལ་བོར་བཟོས་ཏེ་ཚོང་འགུག་དངུལ་འདྲེན་གྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཚོང་འགུག་མ་དངུལ་འདྲེན་གྱི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་།ཚོང་འགུག་བྱ་བའི་ལས་ཚད་ཆེ་རུ་གཏོང་བ། ལས་གཞིའི་དངོས་འབེབས་འཛུགས་སྐྲུན་དམ་འཛིན་ནན་མོ་བྱེད་པ་དང་།ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་དང་རིམ་པ་མང་བ།ཁྱབ་ཁོངས་ཆེ་བའི་ཚོང་འགུག་དངུལ་འདྲེན་གྱི་རྣམ་པ་གསར་པ་འཛུགས་རྒྱུ་རེད།


དངོས་སྦྱོང་སློབ་མ་ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།