དགའ་བདེ་རྫོང་གིས་ཏང་ཡོན་སློབ་གསོས་གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་བྱེད་པར་ཁྱོན་ཡོངས་ནས་དམ་འཛིན་བྱས།
2025.03.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ད་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས“རྟ་ཐོག་གི་ཏང་གི་སློབ་ཁྲིད”དང“ཕྱོགས་མང་དམག་སྦྱོང”སོགས་ཀྱི་རྣམ་པ་སྤྱད་དེ།  ཏང་ཡོན་སློབ་གསོའི་མ་ལག་ཁྱོན་ཡོངས་དང་རིམ་པ་མང་པོའི་སྒོ་ནས་བཙུགས་ཏེ་ཕན་འབྲས་ལྡན་པའི་སྒོ་ནས་འབྲོག་ཁུལ་གྱི་ཏང་ཡོན་སློབ་གསོའི་དཀའ་གནད་ཐག་གཅོད་བྱས་པ་དང་།  གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྒུལ་ཤུགས་གསར་བ་བསྣན།

“རྟ་ཐོག་གི་ཏང་གི་སློབ་ཁྲིད”བཙུགས་ནས།  འབྲོག་ཁུལ་གྱི་ཏང་ཡོན་སྡོད་གནས་ཁ་འཐོར་ཡིན་པ་དང་།  འཁོར་རྒྱུགས་རང་བཞིན་ཆེ་བའི་ཁྱད་ཆོས་ལ་དམིགས་ཏེ།  “རྟ་ཐོག་གི་ཏང་གི་སློབ་ཁྲིད”གསར་འཛུགས་བྱས་པ་དང་།  རྒྱ་བོད་སྐད་གཉིས་ལ་ཐོགས་རྡུགས་མེད་པའི་ཏང་ཡོོན་ལས་བྱེད་པའི་གྲུབ་པའི་རྟ་ཐོག་གི་ཏང་འཛུགས་སྒྲོག་བཤད་རུ་ཁག་བཙུགས་ནས།  ཟླ་རེར་འབྲོལ་ཁུལ་གྱི་རྩྭ་ཐང་དང་འབྲོག་ཁྱིམ་དུ་སོང་ནས་སྒྲོག་བཤད་བྱས།

ཕྱོགས་མང་དམག་སྦྱོང་བྱས་ཏེ་སྤུས་ཚད་མཐོར་འདེགས་བཏང་།   ཆེད་དོན་གསབ་སྦྱོང་འཛིན་གྲྭ་བཙུགས་ཏེ་“འབྲོག་ཁུལ་གྱི་འཇོན་མི”དང“ས་ཁུལ་གྱི་ཆེད་མཁས་པ”རྩ་འཛུགས་བྱས་ནས་ཡུལ་དངོས་སློབ་ཁྲིད་ཀྱི་ནུས་པ་མཐོར་འདེགས་བཏང་པ་དང་།  ཕྱུག་འགྱུར་གྱི་སྣེ་ཁྲིད་མི་སྣ་གསོ་སྐྱོང་བྱེད་པ།  ཏང་ཡོན་ཚབ་ཁྲིད་མཉམ་ལས་ཁང་གི་ཁྱབ་ཚད100%རུ་སླེབས་པ་དང་།  ཐུན་མོང་དཔལ་འབྱོར་སྣེ་ཁྲིད་བྱས་ཏེ་ཆ་སྙོམས་ཀྱི་ཡོངས་འབབ་སྒོར་ཁྲི་བརྒྱད་དང་སྟོང་དྲུག་ལ་འཕར།   “ཏང་ཡོན་སྦྲེལ་ཁྱིམ”གྱི་གྲུབ་ཚུལ་ཧུར་བརྩོན་སྒོས་སྐུལ་སྤེལ་བྱས་ནས།  རྫོང་ཡོངས་ཀྱི་ཏང་ཡོན་མི 530 ལྷག་གིས་མགོ་ཁྲིད་བྱས་ནས་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ།  འགལ་བ་འདུམ་སྒྲིག་ཁྲོད་ཞུགས་ཏེ་མང་ཚོགས་ལ་སྐུལ་འདེད་བྱས་ནས་ཞུགས་ཚད40%ལ་འཕར།

དངོས་སྦྱོང་སློབ་མ་ནོར་བུ་དོན་གྲུབ་ཀྱིས་བསྒྱུར།