ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་མི82རྒྱལ་ཁབ་མཁའ་འགྲུལ་གནམ་གྲུར་བསྡད་དེ་པེ་ཅིང་ནས་སྤྱི་ལེ3600ལྷག་ཙམ་གྱི་གནས་སུ་འཕུར་བ་དང་། འབར་མའི་ས་དེའི་དུས་ཚོད་ཟླ3པའི་ཚེས29ཉིན་གྱི་ཕྱི་དྲོའི་ཆུ་ཚོད4དང་སྐར30སྟེང་འབར་མའི་ཡཱང་ཀོང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ལ། རླངས་འཁོར་ལ་བསྡད་དེ་གནོད་ཐེབས་པ་ཆེས་ཚབས་ཆེ་བའི་མན་ཏི་ལི་ཞིང་ཆེན་དུ་བསྐྱོད་རྩིས་ཡོད།
ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་རུ་དཔོན་ཀྲའོ་མེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གོའི་རོགས་སྐྱོབ་རུ་ཁག་གིས་ས་གནས་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་མྱུར་དུ་དངོས་ཟོག་སྐྱེལ་འདྲེན་གྱི་བྱ་བ་སྤེལ་རྒྱུ་ཡིན་ལ། འབར་མའི་གཞུང་ཚབ་དོན་གཅོད་ཁང་དུ་སྡོད་པའི་རང་རྒྱལ་གྱི་སྲིད་གཞུང་དང་འབྲེལ་བ་བྱས་ཡོད་པ་དང་། ས་དེའི་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་མཐུད་བྱེད་བཞིན་ཡོད། གནོད་ཐེབས་ས་ཁུལ་དུ་ཐོན་རྗེས། ཞིབ་ཕྲའི་འཚོལ་སྐྱོབ་ལས་འགན་དང་ལེན་བྱས་པ་དང་། རོགས་སྐྱོབ་རུ་ཆུང་མངགས་ནས་ལས་འགན་ལག་བསྟར་གྱི་ལས་ཡུལ་དངོས་སུ་རྩད་ཞིབ་བྱས་པ་དང་ཆབས་ཅིག བདེ་འཇགས་དང་འོས་འཚམ་གྱི་གནས་ཡུལ་བདམས་ནས་སྒར་བརྒྱབ་ཡོད།
ཀྲུང་གོའི་རོགས་སྐྱོབ་རུ་ཁག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁས་ལེན་དཔང་འདོན་བྱས་པའི་རྒྱལ་སྤྱིའི་འཚོལ་སྐྱོབ་གཙོ་གནད་ཀྱི་དཔུང་ཁག་གི་གྲས་ཤིག་ཡིན་པ་དང་། མི་སྣ་དང་ཐོན་ཁུངས་ལ་བཀོད་སྒྲིག་ཡག་པོ་བྱས་ཡོད་ལ། ཕྱི་རྒྱལ་གྱི་འཚོལ་སྐྱོབ་ལས་འགན་ཁྲོད་ཐེངས་མང་ཞུགས་ནས་ལེགས་འགྲུབ་ཉམས་མྱོང་ཡོད་པས། ལས་ཡུལ་མི་འདྲ་བ་གཉིས་སུ་དུས་མཉམ་དུ་འགུལ་སྐྱོད་སྤེལ་ཆོག
ཤ་བོ་རིན་མཚོས་བསྒྱུར།