གཅན་ཚས་དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་བེད་སྤྱད་དེ་འགལ་རྩོད་མགོ་ཁུངས་ནས་བཅོས་སྐྱོང་བྱེད་པའི་ཐབས་ལམ་གསར་བ་བསྐྲུན།
2025.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

བར་འདུམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཞི་སེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་འབྲས་མཐོར་འདེགས་གཏོང་བ། འགལ་རྩོད་ཐག་གཅོད་ཀྱི་མ་དཔེ་གསར་གཏོད་བཅས་བྱེད་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་བེད་སྤྱོད་པ་དང་། ཐབས་མང་མཉམ་སྤྱོད་དང་ཕྱོགས་མང་ཤུགས་འདོན་བྱས་ནས། འགལ་རྩོད་སྔ་མོ་ནས་རྟོགས་པ་དང་མགོ་འབུར་མ་ཐག་ཞི་སེལ་བྱེད་པ། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་བཅས་བྱས།

གཅན་ཚ་རྫོང་གིས་བར་འདུམ་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པར་དོ་སྣང་བྱས། རྫོང་མི་དམངས་བར་འདུམ་ལྟེ་གནས་གཙོར་བཟུང་ཞིང་། ཡུལ་ཚོ་དང་གྲོང་རྡལ། དོན་གཅོད་ཁང་བཅུའི་བར་འདུམ་ཨུ་ཡོན་ལྷན་ཁང་འགྱོགས་རྟེན་དུ་བྱས་ལ། སྡེ་བ་དང་སྡེ་ཁུལ་གོ་བདུན་རྨང་གཞི་རུ་བྱས་པའི་བར་འདུམ་དྲ་རྒྱའི་མ་ལག་འཐུས་ཚང་དུ་བཏང་། ཆེད་ལས་རང་བཞིན་དང་ལས་རིགས་རང་བཞིན་གྱི་བར་འདུམ་ཕྱོགས་ནས་འཚོལ་ཞིབ་ནན་མོ་བྱས་པ་དང་། ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་འགལ་རྩོལ་གནད་དོན་ལ་ཁ་གཏད་དེ། ཆེད་ལས་རང་བཞིན་དང་ལས་རིགས་རང་བཞིན་གྱི་བར་འདུམ་རྩ་འཛུགས་དང་ཁེ་ལས་ལས་དོན་སྡེ་ཁག་གི་བར་འདུམ་ཨུ་ཡོན་ལྷན་ཁང་བཅུ་གཉིས་ཁ་སྣོན་བྱས་ནས། མི་དམངས་བར་འདུམ་རྩ་འཛུགས་ཀྱི་ཆེད་ལས་རང་བཞིན་ཞན་པའི་ཞན་ཆ་ཁ་གསབ་བྱས། དེ་དང་མཉམ་དུ། ཁྲིམས་འཛིན་བར་འདུམ་དྲ་རྒྱ་ལེགས་བསྒྱུར་བྱས་པ་བརྒྱུད་དེ། གཞི་རིམ་གྱི་བར་འདུམ་པ་དང་། དྲ་མིག་པ་སོགས་ཁྲིམས་ཁང་གི་ཆེད་ཞུ་བར་འདུམ་པའི་དཔུང་སྡེ་ཁྲོད་བཞག་པ་དང་། ཁྲིམས་ཁང་དང་སྡེ་བའི་བར་འདུམ་ཨུ་ཡོན་ལྷན་ཁང་་དང་ཆེད་ཞུ་བར་འདུམ་པ་བཅས་ཀྱི་མཉམ་འབྲེལ་འདུམ་སྒྲིག་མ་དཔེ་ཁྱབ་སྤེལ་དུ་བཏང་ནས། ཁྲིམས་འཛིན་བར་འདུམ་དང་མི་དམངས་བར་འདུམ་མཉམ་བསྲེས་ཟབ་མོ་བྱེད་པ་མངོན་འགྱུར་བྱས།

འདུམ་སྒྲིག་གི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་ཆེད། གཅན་ཚ་རྫོང་གིས་གཅིག་འདོམས་མཐུན་སྦྱོར་དང་གྲལ་བཤེར་སྔོན་བརྡ། སྣ་མང་ཞི་སེལ་བཅས་ནས་འགོ་བརྩམས་ཏེ། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་རྒྱབ་རྟེན་ནས། སྲིད་ཁྲིམས་དང་ཁྲིམས་ཁང་། སྤྱི་བདེ། ཁྲིམས་ཁང་དང་འཕྲིན་བཅར་སོགས་སྡེ་ཁག་མང་པོའི་ཐོན་ཁུངས་དང་སྟོབས་ཤུགས་རྒྱུན་སྡོད་དང་རེས་སྐོར་བཅའ་སྡོད། སྐབས་བསྟུན་བཅའ་སྡོད་བྱེད་པའི་བྱ་བའི་རྣམ་པ་ལག་བསྟར་བྱས་པ་དང་། སྲིད་འཛིན་གྱིས་གཙོ་ཁྲིད་བྱེད་པ་ནས་ཕྱོགས་མང་ཟབ་ཞུགས་བྱེད་པའི་འགལ་རྩོད་བཅོས་སྐྱོང་རྣམ་པ་གྲུབ་པར་བྱས་ལ། གཅན་ཚ་རྫོང་གིས་འཚོལ་ཞིབ་བྱས་ནས་གྲུབ་པའི་ཁྲིམས་གཉིས་དང་ཆེད་ཞུའི་ཟུང་འབྲེལ་གྱི་འདུམ་སྒྲིག་མ་དཔེ་དེ་ཞིང་ཆེན་ཡོངས་སུ་ཁྱབ་ཁོངས་ནས་ཁྱབ་གདལ་དུ་བཏང་།

བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་འབྲས་མཐོར་འདེགས་གཏོང་བའི་ཕྱོགས་ནས། གཅན་ཚ་རྫོང་གིས་ཤུགས་ཆེན་པོ་བཏོན། བཅའ་ཁྲིམས་ཁྱབ་གདལ་དང་གསོ་སྦྱོང་གཉིས་ཟུང་འབྲེལ་བྱེད་པ་དང་། བཅའ་ཁྲིམས་ཁྱབ་གདལ་དང་སྨྱན་སྦྱོར་གསར་བ་གཉིས་ཟུང་འབྲེལ་བྱེད་པ། བཅའ་ཁྲིམས་ཁྱབ་གདལ་དང་བར་འདུམ་གཉིས་ཟུང་འབྲེལ་བྱེད་པ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། མང་ཚོགས་ཀྱིས་ཁྲིམས་མཐུན་ལམ་བུ་བརྒྱུད་དེ་ཞུ་གཏུག་བྱེད་པར་སྣེ་ཁྲིད་བྱས་པ་དང་། འགོ་ཁུངས་ནས་འགལ་རྩོད་འབྱུང་ཚད་ཇེ་ཉུང་དུ་བཏང་། དེ་དང་མཉམ་དུ། གཅན་ཚ་རྫོང་གིས་ད་དུང་གཞི་རིམ་གྱི་མི་དམངས་བར་འདུམ་པ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཁོ་ཚོའི་འགལ་རྩོལ་འདུམ་སྒྲིག་གི་ནུས་པ་དང་བཅའ་ཁྲིམས་ཤེས་བྱའི་ཆུ་ཚད་མཐོར་འདེགས་བཏང་ནས། མི་དམངས་བར་འདུམ་པ་དེ་བཅའ་ཁྲིམས་ཤེས་བྱའི་འགྲེལ་བཤད་པ་དང་བརྒྱུད་སྒྲོག་པ་རུ་འགྱུར་བར་བྱས།

རིན་ཆེན་མཚོས་བསྒྱུར།