ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་བྱེད་ཐབས་མང་པོ་སྤྱད་ནས་ཚོང་འགུགས་དངུལ་འདྲེན་གྱི་ལས་དོན་ལ་སྐུལ་འདེད་བཏང་།
2025.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས30ཉིན། ཀྲེ་ཅང་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ནས་ཤེས་གསལ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱི་ལུགས་རྙིང་ལོ་སར་རྗེས་ཀྱི་ཚོགས་འདུ་ཐོག་མ་སྟེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དང་མཐུན་སྒྲིལ། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་ཚོང་འགུགས་དངུལ་འདྲེན་གྱི་ཚོགས་ཆེན་འཚོགས་རྗེས་ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་མགྱོགས་མྱུར་སྒོས་ཆེད་དོན་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ། དུས་ཐོག་ཏུ་འབྲེལ་གཏུག་དང་རིགས་སོ་སོའི་བར་མཐུན་སྦྱོར་བཅས་བྱས་ཏེ་ཐུན་མོང་ཐོག་སྟོབས་ཤུགས་འདོན་པ་དང་དངུལ་གཏོང་རྣམ་གྲངས་མང་པོ་སྦྲེལ་མཐུད་བྱས་པར་ཕན་འབྲས་མངོན་གསལ་ཐོབ།

ཤེས་གསལ་ལྟར་ན། ཀྲེ་ཅང་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་བྱ་བའི་བསམ་ཕྱོགས་ཁ་གསལ་བཟོས་ཏེ། ཀྲེ་ཅང་ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག་དང་། ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཁེ་ལས་དང་ལས་དོན་ལས་ཁུངས། དམངས་གཉེར་ཁེ་ལས་སོགས་སུ་སོང་སྟེ་བརྟག་དཔྱད་ཞིབ་འཇུག་དང་། ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་བྱེད་པ། ཐོན་ཁུངས་དང་། ཚོང་ར། ལག་རྩལ། ཆ་འཕྲིན་སོགས་ཕྱོགས་ཡོངས་ནས་ཀྲེ་ཅང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་ཞིབ་འཇུག་དང་དབྱེ་ཞིབ་བྱས་པར་མ་ཟད། བྱ་བའི་བསམ་ཕྱོགས་དང་ཁ་ཕྱོགས་གསལ་པོ་བཟོས། བཀོད་འདོམས་པུའུ་ཡིས་རྣམ་གྲངས་བསྡུ་ལེན་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཉིས་སྟོང་ཉེར་ལྔ་ལོའི་གཙོ་གནད་ལས་དོན་ལ་བརྩིས་ནས་ཐོན་ལས་རོགས་ལས་ཀྱི་ཆེད་དོན་འཛིན་གྲྭ་བཙུགས་ཏེ་བཀོད་འདོམས་པུའུ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ། རོགས་སྐྱོར་ཐོབ་ཡུལ་གྱི་ཚོང་འགུགས་ཚོགས་པའི་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་ཏེ་ཕྱོགས་མང་མཉམ་སྒྲུབ་དང་བརྒྱུད་རིམ་པ་ཧྲིལ་པོར་རྗེས་སྙེག་དང་དུས་རིམ་ཧྲིལ་པོར་སྦྲེལ་མཐུད་ཀྱིས་གཙོ་གནད་ཁེ་ལས་དང་ལས་རིགས་ལ་ཞབས་འདེགས་ཞུ་རྒྱུ་རེད།

སྒོས་སུ་ཟླ་གཉིས་པ་ནས་བཟུང་བཀོད་འདོམས་པུའུ་ཡི་ཆེད་དོན་ཚན་ཆུང་ཀྲེ་ཅང་ཞིང་ཆེན་གྱི་འབྲེལ་ཡོད་ས་ཁུལ་དུ་ཚོང་འགུགས་འབྲེལ་མཐུད་བྱེད་པར་སོང་སྟེ་དངུལ་གཏོང་བྱེད་པར་མོས་མཐུན་ཡོད་པའི་ལས་གཞི་བཅོ་ལྔ་ཡོད་ལ། ཚོང་འགུག་དངུལ་འདྲེན་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཀྲེ་ཅང་གི་ཐཱན་མེད་ཐོན་ལས་ཁེ་ལས་དང་། ནུས་རྒྱུ་གསར་པའི་ཁེ་ལས། ལྗང་མདོག་རྩིས་ནུས་ཁེ་ལས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་འགུགས་དངུལ་འདྲེན་སྲིད་ཇུས་སོགས་ཀྱི་གསལ་ཐོ་ལེགས་སྒྲིག་བྱས་ཏེ་ཕྱོགས་གཉིས་ཀྱིས་གནད་སྨིན་སྦྲེལ་མཐུད་དང་མཉམ་ལས་བྱ་རྒྱུར་ཁྲིད་སྟོན་བྱེད་རྒྱུ་རེད། སྟེགས་བུ་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་ཚོང་འགུག་དངུལ་འདྲེན་བྱེད་རྒྱུར་འགན་སྲུང་བྱེད་དགོས། གཞན་ཡང་། དྲ་ཐོག་ནས་ཚོང་འགུགས་དང་། ཚོང་ཚོགས་ཀྱིས་ཚོང་འགུགས། ཚོང་འགུགས་འོས་སྦྱོར་ཚོགས་འདུའི་སྒྲིག་འཛུགས། “ས་ཁོངས་བརྒལ་ནས”ཚོང་འགུགས་འཚོལ་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད་ཚོང་འགུགས་ཐབས་ལམ་རྒྱ་ཆེར་གཏོང་བར་ཞབས་འདེགས་ནུས་ལྡན་ཞུ་དགོས། 

དེའི་རྗེས་སུ། བཀོད་འདོམས་པུའུ་ཡིས་ཚོང་འགུགས་དངུལ་འདྲེན་གྱི་བྱ་དགའ་དང་། ཐོན་ལས་ཐེབས་རྩའི་རོགས་སྐྱོར། ཚན་རྩལ་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། ཚན་རྩལ་ཁེ་ལས་སྐྱེད་སྲིང་སོགས་ཀྱི་ཐད་ནས་རྣམ་གྲངས་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲེ་ཅང་ཀྲུང་ཀོང་དང་ཀྲེ་ཅང་ཁེ་ཧྲེང་གིས་སོ་སོར་སྒོར་ཐེར་འབུམ་ལྔ་ལྷག་ཙམ་བཏང་སྟེ་གཏེར་ལེན་ཁ་དང་། ན་གོར་མོའི་སྟོང་ཝ་འབུམ་གསུམ་དང་ཁྲི་ལྔ་ཅན་གྱི་འོད་ནུས་གློག་འདོན་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། དངོས་སྐྱེལ་གླིང་དང་། དབྱི་ཐེན་རིག་ནུས་རྩིས་ནུས་སོགས་ཀྱི་རྣམ་གྲངས་ལག་བསྟར་དོན་འཁྱོལ་བྱས་ཡོད། 

ཚེ་མགོན་རྒྱལ་གྱིས་བསྒྱུར།