ཟླ3པའི་ཚེས30ཉིན་ནས་བཟུང་། མཚོ་སྔོན་གནམ་ཐང་ཀུང་ཟིས2025ལོའི་དབྱར་དུས་ཀྱི་གནམ་གྲུའི་འཆར་གཞི་དངོས་སུ་ལག་བསྟར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་གནམ་གྲུ་ཐང་སོ་སོའི་མཁའ་ལམ་སྔར་ལས་ཕུན་སུམ་ཚོགས་པ་དང་། མང་ཚོགས་ཀྱི་འགྲོ་འོང་སྔར་ལས་སྣ་མང་ཡོང་བ། གཟིགས་སྐྱོང་སྲིད་ཇུས་སྔར་ལས་དམིགས་སའི་རང་བཞིན་ལྡན་པ་བཅས་བྱ་རྒྱུ་རེད།
མཁའ་འགྲུལ་དུས་ཚིགས་གསར་པར། ཟི་ལིང་གནམ་ཐང་གིས་མཁའ་འགྲུལ་ཀུང་ཟི28དང་མཉམ་འབྲེལ་གྱིས་གྲོང་ཁྱེར58ལ་མཁའ་འགྲུལ་ཤར་གཏོང་བྱས་པ་དང་། པེ་ཅིང་དང་ཅི་ནན། ཀྲིན་ཀྲོའུ། ཁྲུང་ཆིན། ཁྲང་ཧྲ། ཝུའུ་ལུའུ་མུའུ་ཆི། ཁུན་མིན། མཚོ་ཁུག ཝུའུ་ཞི་སོགས་གྲོང་ཁྱེར་གྲགས་ཅན21ལ་འཕུར་བའི་དུས་གཏན་གནམ་གྲུ་གསབ་སྣོན་བྱས་པ་དང་། ཞང་ཀང་དང་ཞུའུ་ཀྲོའུ། ལིན་དབྱི། ཡན་ཨན། ཀྲུང་ཝེ། ཁུའུ་ཨར་ལེ། གཞིས་ཀ་རྩེ། ཨ་ཁུ་སུའུ་སོགས་ཞིན་ཅང་དང་བོད་ལྗོངས་སུ་བསྐྱོད་པའི་མཁའ་འགྲུལ་ས་ཚིགས་གསར་དུ་ཁ་སྣོན་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར་དྲུག་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་དུས་གཏན་གནམ་གྲུ་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད། ཁྲིན་ཏུའུ་ནས་ཟི་ལིང་བར་གྱི་དུས་གཏན་གནམ་གྲུ་ཉིན་རེར་ཐེངས9ནས10བར་དང་། པེ་ཅིང་དང་ཀྲིན་ཀྲུའུ། ཞིས་ཨན་བཅས་སུ་ཉིན་རེར་ཐེངས7ཡན། ཧྲང་ཧའེ་དང་ཁྲང་ཧྲ་ཉིན་རེར་ཐེངས6ཡན། ཁུང་མིང་དང་ཝུའུ་ཧན། ཉིན་པའོ་བཅས་ལ་ཉིན་རེར་ཐེངས5ཡན། ཅི་ནན་དང་ཧང་ཀྲུའུ། ཁྲུང་ཆིན། ལྷ་ས་བཅས་སུ་ཉིན་རེར་ཐེངས4ཡན། ཀོང་ཀྲོའུ་དང་། ཐེན་ཅིན། ཧའེ་ཁུའུ། ནན་ཅིན། ཝུའུ་ལུའུ་མུའུ་ཆི། དབྱིན་ཁྲོན་སོགས་སུ་ཉིན་རེར་ཐེངས3ཡན་བཅས་ཡོད། དེ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཡན་ལག་གནམ་གྲུ་ཐང་གི་མཁའ་ལམ་དྲ་རྒྱ་སྔར་ལས་འཐུས་ཚང་དུ་ཕྱིན་ཡོད།
མང་ཚོགས་ཀྱི་འགྲོ་འོང་དགོས་མཁོ་དེ་ལས་ལེགས་པའི་སྒོ་ནས་སྐོང་ཆེད། མཚོ་སྔོན་གནམ་ཐང་ཀུང་ཟིས་མཚོ་སྔོན་མཁའ་འགྲུལ་ཡུལ་སྐོར་མནའ་འབྲེལ་གྱི་ཁོངས་མིའི་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཟླ3པ་ནས4པའི་བར་དུ། “དཔྱིད་དུས་མཚོ་སྔོན་ལ་ཡུལ་སྐོར་བྱེད”པའི་དམངས་ཕན་བྱེད་ཐབས་ལྔ་བཏོན་ཏེ། གནམ་གྲུའི་སྤ་སེ་སྣ་ཚོགས་ཁྲི1.5ལྷག་ཙམ་བཏང་ནས། མང་ཚོགས་ཀྱི་དཔྱིད་དུས་ཡུལ་སྐོར་ལ་དཔལ་འབྱོར་དང་ཕན་འབྲས་ལྡན་པའི་གདམ་ག་དེ་ལས་མང་པོ་མཁོ་འདོན་བྱ་རྩིས་ཡོད་པ་རེད། གནམ་གྲུའི་སྤ་སེའི་རིན་གོང་གཟིགས་སྐྱོང་དང་སྟབས་བདེའི་མཁའ་འགྲུལ་ཞབས་ཞུ་སོགས་ཕན་བདེ་མང་པོ་ཚུད་པའི“དྭངས་གསལ་དུས་ཆེན་གྱི་དུས་ཡུན་ཐུང་ངུའི་ཕྱིར་སྐྱོད་ཀྱི་དམིགས་བསལ་གཟིགས་སྐྱོང་ལག་རྟགས་ཆེན་མོ”བཏོན་ནས། དགེ་སློབ་ཚོགས་པར“ཕན་པའི”འགྲོ་སྐྱོད་ལ་རོགས་རམ་བྱེད་རྒྱུ་རེད།
དེ་དང་མཉམ་དུ་ཞིང་ཆེན་ནང་ཁུལ་གྱི་ལམ་ཐིག་ཡན་ལག་གནམ་ཐང་སོ་སོས་ཟི་ལིང་བརྒྱུད་ནས་ཞིང་ཆེན་ཕྱི་རོལ་གྱི་བར་བརྒྱུད་ཞབས་ཞུ་སླར་ཡང་རིམ་སྤོར་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་མང་ཚོགས་འགྲོ་འོང་བྱེད་པར་སྟབས་བདེ་མཁོ་འདོན་བྱ་རྒྱུ་རེད། མཐུན་སྦྱོར་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ་ཞིང་ཆེན་ནང་ཁུལ་གྱི་གནམ་ཐང་སོ་སོས་མཉམ་འགུལ་གྱིས་མཛེས་ལྗོངས་ཁུལ་དང་། ཁེ་ལས། ཚོང་གཉེར་ཁུལ་བཅས་སུ་བསྐྱོད་དེ། རྒྱ་ཆེའི་མང་ཚོགས་ལ་དམིགས་བསལ་གཟིགས་སྐྱོང་མཁའ་ལམ50བཏོན་ནས། ལག་རྟགས་མང་པོ་ཞིག་མཚམས་མི་འཇོག་པར་སྤྲད་པ་རེད། འཁྱུག་དབྱངས་དང་མགྱོགས་འཕྲིན་སྟེགས་བུ་བརྒྱུད་དེ། མཚོ་སྔོན་གྱི“མཁའ་འགྲུལ་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་དྲིལ་བསྒྲགས་བྱས་པ་དང་ས་གནས་གྱི་སྨྱན་བྱད་བརྒྱུད་ནས། དམིགས་བསལ་གཟིགས་སྐྱོང་གནམ་གྲུའི་སྤ་སེ་དང་མཁའ་འགྲུལ་ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་རྣམས་ལ་དཔྱིད་དུས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པར་སྟབས་བདེ་བཟོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།