ཟླ3པའི་ཚེས31ཉིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོངས་གཏོགས་ཚོང་ཚོགས་ཀྱི་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས། གསར་འགོད་པས་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་རང་ཞིང་གིས་རིགས་མི་འདྲ་བའི་ཚོང་ཚོགས10དང་ཕྱི་རྒྱལ་གྱི་ཚོང་ཚོགས1བཙུགས་ཡོད་ལ། དེ་དང་ཆབས་ཅིག་ཚོང་ཚོགས་ཀྱི་ཏང་རྩ་འཛུགས10བཙུགས་ཏེ། ཚོང་ཚོགས་ཀྱི་རྩ་འཛུགས་ལ་འཕེལ་རྒྱས་ཅི་ཙམ་བྱུང་ན་ཏང་རྩ་འཛུགས་ཀྱང་དེར་སླེབས་པའི་དམིགས་འབེན་མངོན་འགྱུར་བྱས་ཡོད།
འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཏང་ཨུས་ཚོང་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་ལོ་གསུམ་རིང་གི་མཐོར་འདེགས་འགུལ་སྤྱོད་གཙོ་གནད་དུ་བཟུང་ནས། གཞི་རིམ་གྱི་རྨང་གཞི་བརྟན་སྲུང་དང་། ཏང་འཛུགས་ཀྱི་སྤུས་ཚད་དང་ནུས་པ་མཐོར་འདེགས་བྱས་ཏེ། རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་སོགས་ཀྱི་གཙོ་གནད་འཛུགས་སྐྲུན་ལ་མངོན་གསལ་གྱི་གྲུབ་འབྲས་ཐོབ། ཚོང་ཚོགས་ཏང་འཛུགས་ཀྱི“ཕན་ནུས་མཐོར་འདེགས་ལོ”ཞེས་པའི་འགུལ་སྤྱོད་བཀོད་སྒྲིག་དང་ལག་བསྟར་བྱས་ཏེ། ཏང་འཛུགས་སྐྱོང་དང་ཚོགས་པའི་འགན་ཁུར་མི་སྣར“ཞིབ་བཤེར་གཉིས་དང་དཔྱད་འཇོག་གཉིས་གསོ་སྦྱོང་གཉིས”ལག་བསྟར་བྱས་པ་དང་། ཚོང་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་བྱ་བའི་འགན་སྒྲུབ་སྙན་ཞུའི་གྲོས་ཞིབ་དང་དམངས་གཙོའི་དཔྱད་འཇོག་སོགས་ལམ་ལུགས་རབ་དང་རིམ་པ་ཉིན་རེ་བཞིན་འཐུས་ཚང་དུ་བཏང་། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཚོང་ཚོགས་ཀྱི་མགོ་ཁྲིད་ཚོགས་པའི་ཁོངས་མིས“ཕྱོགས་གཉིས་ཀར་ཞུགས་པ་དང་། ལས་འགན་སྣོལ་མར་ཁུར་བར”སྐུལ་འདེད་བཏང་སྟེ། ཚོང་ཚོགས་ཀྱི་ཚོགས་གཙོ་ཁག་ཅིག་དང་ཧྲུའུ་ཅིས་འགན་གཅིག་ལྕོགས་བྱེད་པ་མངོན་འགྱུར་བྱས་པ་དང་། ཏང་ཨུ་བཞི་དང་སྤྱི་ཁྱབ་ཀྲི་པུའུ་གཅིག ཀྲི་པུའུ་ཞེ་བདུན། ཏང་ཡོན་སྟོང་ལྷག་གིས་ཏང་དོ་དམ་གྱི་ཚོང་ཚོགས་རྣམ་པ་གྲུབ་པར་བྱས། ཏང་འཛུགས་ཀྱི་སྐུལ་འདེད་དང་སྣེ་ཁྲིད་འོག རྒྱལ་ཡོངས་ཀྱི་བཟང་བཞིའི་ཚོང་ཚོགས་བཅུ་དང་། ཞིང་ཆེན་རིམ་པའི་བཟང་བཞིའི་ཚོང་ཚོགས་བཅུ་གསུམ་གསར་འཛུགས་བྱས་ཡོད།
ད་ལོར་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“ལོ་གསུམ་རིང་གི་མཐོར་འདེགས་འགུལ་སྤྱོད”ཀྱི་མཁྲེགས་གཏོར་དམིགས་འབེན་ལ་གཞི་བཙུགས་ནས། ཕྱོགས་ཡོངས་ནས་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ནུས་པ་མཐོ་རུ་བཏང་སྟེ། ཚོང་ཚོགས་ཏང་འཛུགས་ཀྱི་སྤྱི་ཡོངས་རིམ་འཕར་དང་། སྤྱི་ཡོངས་མཐོར་འདེགས་གཏོང་བ། “ནུས་ཤུགས་མཐོར་འདེགས”ཀྱི་འགུལ་སྤྱོད་རྒྱུན་མཐུད་ངང་སྤེལ་ཏེ། ཚོང་ཚོགས་ཀྱི་འགན་ཁུར་མི་སྣ་དང་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣས“ཞིབ་བཤེར་གཉིས་དང་དཔྱད་འཇོག་གཉིས་གསོ་སྦྱོང་གཉིས”ཀྱི་བྱ་བ་ཚད་ལྡན་དུ་གཏོང་བ། “གཙོ་ཤུགས་སྣེ་ཁྲིད”འགུལ་སྤྱོད་ཟབ་སྤེལ་བྱེད་པ་དང་། ཆེད་དོན་གསོ་སྦྱོང་སྤེལ་བར་རྩ་འཛུགས་བྱེད་པ། ཏང་འཛུགས་ཀྱི་ཆེད་མཁས་པ་གདན་འདྲེན་དང་སློབ་ཁྲིད་བྱས་ཏེ། ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་དོན་ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་ལས་སྒྲུབ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། “ཚོང་ཚོགས་ཧྲུའུ་ཅིའི་ལས་སྒྲུབ་ཁང”དང“ཏང་ཡོན་གྱི་ཏང་འཛུགས་ལས་དོན་ས་ཚིགས”ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། “ཆབ་སྲིད་འཛིན་པ་དང་། ཁྲིམས་ལུགས་ཤེས་པ། ཏང་འཛུགས་མཁས་པ། དོན་འཁྱོལ་ཐུབ་པ”བཅས་ཀྱི་ཏང་འཛུགས་དཔུང་ཁག་ཅིག་ཧུར་བརྩོན་གྱིས་བསྐྲུན་དགོས། ད་དུང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“དམར་པའི་སྣེ་ཁྲིད་དང་ཁུ་ནུའི་ཚོང་ཚོགས”ཞེས་པའི་ཚོང་ཚོགས་ཀྱི་ཏང་འཛུགས་ཀྱི་ཚོང་རྟགས་བསྐྲུན་པའི་བྱ་བ་ཕྱོགས་ཡོངས་ནས་རྩ་འཛུགས་དང་ལག་བསྟར་བྱས་ཏེ། ཚོང་ཚོགས་ཀྱི་ཏང་འཛུགས་དང་ཚོགས་པ་འཛུགས་པའི་གཏིང་ཟབ་མཉམ་འདྲེས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་བཞག་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།