ཟླ4བ་ནི་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཡིན་པ་དང་། དཔྱ་ཁྲལ་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་གཏིང་ཟབ་གཏོང་བ་དང་། དཔྱ་ཁྲལ་ཀྱི་སྲིད་ཇུས་ལ་འགྲེལ་བཤད་རྒྱག་པ། ཁྲལ་བསྡུའི་ཡིད་རྟོན་དར་སྤེལ་བྱེད་པའི་ཆེད་དུ། ཟླ3པའི་ཚེས31ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་ཁྲལ་བསྡུའི་ཡིད་རྟོན་རིམ་པ Aཅན་གྱི་ཁེ་ལས་ཀྱི་འཐུས་མིར་བྱང་བུ་སྤྲད་པ་དང་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་སྤེལ།
ཐེངས་འདིའི་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ནི་ཁྲལ་བསྡུ་དང་ཁྲིམས་སྐྱོང་། དྲང་གཞག་བཅས་བརྗོད་གཞི་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཁྲལ་འཇལ་ཡིད་རྟོན་རིམ་པAཅན་གྱི་ཁེ་ལས་བྱང་བུ་སྤྲོད་པ་མགོ་ཚུགས་སར་བྱས་པ་དང་། ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་གོ་སྐབས་སུ་བྱས་ཏེ། ཁྲལ་དོན་དང་ཁེ་ལས་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་མ་ལག་ཟླ4བ་ནས་སྒྲིག་སྲོལ་དང་མཐུན་པའི་ངང་སྲུང་སྐྱོབ་དང་། དགོས་མཁོ་དང་དཀའ་ངལ་སེལ་བ། རྒྱལ་མཚམས་ལས་བརྒལ་བའི་ནུས་སྤྲོད་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་རིགས་ཆེན་པོ་བཞིའི་བྱ་འགུལ་རྒྱ་ཁྱབ་ངང་སྤེལ་བ་དང་། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བརྒྱུད་དེ། དྲ་རྒྱའི་སྟེང་གཙོ་གཉེར་ཁྲལ་ཁྲིམས་འཆད་ཁྲིད་ཁང་གཉེར་བ། ཁྲལ་དང་ཁེ་ལས་ཀྱིས་མཉམ་འབྲེལ་བྱེད་པ། དཔྱ་ཁྲལ་སྲིད་ཇུས་དྲིལ་སྒྲོག་བྱེད་པ། ཡིད་རྟོན་སྒོས་ཁྲལ་འཇལ་དཔེ་མཚོན་གྱོད་གཞི་དྲིལ་སྒྲོག་དང་། དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་དཔེ་མཚོན་གྱོད་གཞི་ཐེར་འདོན་བྱེད་པ་སོགས་བྱ་འགུལ་དང་། ཁྲལ་བསྡུའི་ཁེ་སྤོགས་ཐད་ཀར་ཁེ་ལས་ལ་སྟེར་བར་ཁག་ཐེག་དང་། ཁྲལ་ཁྲིམས་ཀྱི་དབང་གྲགས་དང་ཁྲོམ་རའི་དྲང་གཞག་སྲུང་སྐྱོབ་བྱེད་དགོས།
དེ་དང་ཆབས་ཅིག དམངས་ལ་ཕན་བདེ་བསྐྲུན་པའི་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་འགུལ་སྐྱོད་རྒྱུན་མཐུད་སྒོས་སྤེལ་བ་དང་། གློག་རྡུལ་ཁྲལ་དོན་ཅུའུ་ཡི་ནུས་པ་ཇེ་ལེགས་སུ་གཏོང་བ། ཁྲལ་སྒྲུབ་ཞབས་ཞུ་ཐིན་དང12366གཞི་གཅིག་ཅན་གྱི་ཚུལ་སྒྱུར་རིམ་སྤོར་ལ་གཅིག་འདོམས་བྱེད་པ། ཁྲལ་བསྡུའི་མཉམ་འགུལ་ཞབས་ཞུ་གཏིང་ཟབ་དུ་གཏོང་བ། དཔྱ་ཁྲལ་སྒྲུབ་ནས་གྲོན་དངུལ་བསྡུ་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་དགོས། མཚོ་སྔོན་ཞུ་གཏུག་གཞུང་སྒྲུབ་ཁང་དང་ཁྲལ་ལམ་བཀག་མེད། གཙང་གསུམ་འགྲུལ་བཞུད་སོགས་ཞབས་ཞུའི་ཚོང་རྟགས་གཏིང་ཟབ་དུ་བཏང་ནས། མུ་མཐུད་དུ་ཁྲལ་བསྡུའི་ཞབས་ཞུའི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་། སྡེ་ཚོགས་ཀྱིས་གཅིག་གྱུར་ངང་སྒྲུབ་པ་དང་ཁུལ་ཁོངས་ཀྱིས་གཅིག་གྱུར་སྒོས་སྒྲུབ་པ། རྒྱལ་ཡོངས་ཀྱིས་གཅིག་གྱུར་ངང་སྒྲུབ་པ་རྒྱ་བསྐྱེད་བཏང་སྟེ། དཔྱ་ཁྲལ་བསྡུས་ནས་གྲོན་དངུལ་འཇལ་བའི་ཕྱོགས་བསྡུས་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། དཔྱིད་ཆར་གྱིས་མྱུ་གུ་བརླན་པའི་ཆེད་དོན་བྱ་སྤྱོད་དང་། ཁེ་ལས་ཆུང་འབྲིང་ཀྱི་ཞབས་ཞུའི་ཟླ་བ་དང་རྒྱལ་ཡོངས་ཀྱི་སྒེར་གྱི་བཟོ་ཚོང་དུད་ཚང་གི་ཞབས་ཞུའི་ཟླ་བའི་བྱ་འགུལ་སྤེལ་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་ཡག་པོ་བྱེད་པ་དང་། གསར་གཏོད་བྱེད་ཐབས་ཁྱབ་སྤེལ་དང་། གསར་བ་གཉིས་ཀྱི་འགུལ་སྐྱོད་ལ་རོགས་འདེགས་གང་ལེགས་བྱས། Aརིམ་པའི་ཁྲལ་བསྡུའི་ཡིད་རྟོན་སྐུལ་སློང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ཕྱོགས18ནས་བྱེད་ཐབས44ཚོང་གཉེར་གཙོ་བོའི་སྒྲིག་སྲོལ་དང་མཐུན་པ་དང་། ཚོང་གཉེར་ཡིད་རྟོན་ཡོད་པར་བྱས་ཏེ། ཆེས་ལེགས་པའི་ཞབས་ཞུའི་ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོབ་བྱས།
ཏིང་འཛིན་མཚོ་མོས་བསྒྱུར།