མཚོ་སྔོན་པོའི2025ལོའི་མཚོ་དར་ལྷུང་པའི་དུས་ལ་ཐོན་ཏེ་མཚོ་ཁོངས་སྤྱི་ལེ་གྲུ་བཞི་མ་ལྔ་བརྒྱའི་མཚོ་དར་ཞུས་ཡོད།
2025.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གསར་ཤོས་ལས་མངོན་པ་ལྟར་ན།  མཚོ་སྔོན་པོའི་ལྷོ་ནུབ་རྒྱུད་ཀྱི་མཚོ་དར་ཞུ་ཚད་ཀྱི་ཁུལ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ལྔ་བརྒྱ་སོ་བཞི་གྲངས་ཆུང་དྲུག་ཟིན་ལ། མཚོ་ངོས་སྤྱིའི་རྒྱ་ཁྱོན་བརྒྱ་ཆའི་བཅུ་གཅིག་ཚེག་ལྔར་སླེབས་ཡོད།  ཟླ3པའི་ཚེས31ཉིན་བར། མཚོ་སྔོན་པོའི་མཚོ་ངོས་རྒྱུན་མཐུད་ངང་ཉིན་ལྔའི་རིང་དར་ཆུ་ཡོད་པའི་རྒྱ་ཁྱོན་མཚོ་མོའི་སྤྱིའི་རྒྱ་ཁྱོན་ལས་བརྒྱ་ཆའི་བཅུ་ཆེ་བའམ་འདྲ་མཚུངས་ཡིན། མཐོ་སྒང་གི་མཚོ་དང་མཚེའུ་ཡིས་འཁྱགས་རོམ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལག་རྩལ་ལ་གཞིགས་ན།  ཟླ3པའི་ཚེས27ཉིན་མཚོ་སྔོན་པོའི་མཚོ་དར་དངོས་སུ་ཞུ་བའི་དུས་ལ་སླེབས་པ་དང་། 2024ལོ་དང་བསྡུར་ན་ཉིན3གྱིས་སྔ་བར་མངོན།

མཚོ་སྔོན་པོའི་མཚོ་དར་ཞུ་བ་ལ་དལ་མོར་ཕྱེ་བ་དང་གློ་བུར་དུ་ཕྱེ་བ་བཅས་རིགས་གཉིས་ཡོད།  མཚོ་སྐོར་ས་ཁོངས་ཀྱི་ཆ་སྙོམས་དྲོད་ཚད་དང་རླུང་གི་འགྲོས་ཚད་དང་འབྲེལ་བ་དམ་ཟབ་ཡོད།  དལ་མོར་ཕྱེ་བར་ཉིན་རེའི་ཆ་སྙོམས་དྲོད་ཚད་གཏན་འཁེལ་གྱིས་ཏུའུ་གོར་ཐིག་ཡན་ཡིན་པ་དང་རླུང་ཤུགས་ཅུང་ཆུང་ལ། མཚོ་དར་རང་བཞིན་དུ་ཞུ་བ་ཡིན།  གློ་བུར་དུ་ཕྱེ་བ་ནི་དྲོད་ཚད་ཇེ་མཐོར་སོང་བ་དང་རླུང་ཆེ་བའི་ནམ་ཟླ་དང་འཕྲད་པ།  དྲོད་ཚད་འཕར་སྣོན་དང་རླུང་ཤུགས་གི་ནུས་པའི་དབང་གིས་མཉམ་གཅིག་དུ་འཁྱགས་རོམ་གས་སུ་བཅུག་ཏེ་འཁྱག་རོམ་མཚོ་འགྲམ་དུ་རིམ་པར་སྤུངས་པ་ཡིན།   གནམ་གཤིས་བརྟག་དཔྱད་ཀྱི་རྒྱུ་ཆའི་མངོན་པ་ལྟར་ན། ཟླ3པའི་ཚེས21ཉིན་ནས་བཟུང་། མཚོ་ཁུལ་གྱི་ཆེས་མཐོ་བའི་དྲོད་ཚད་ཏུའུ7.5སླེབས་པ་དང་། རིམ་པ8ཅན་གྱི་རླུང་དྲག་པོའི་གཞོགས་འདེགས་འོག  མཚོ་དར་གློ་བུར་དུ་ལྷུང་བ་རེད།  ཟླ3པའི་ཚེས27ཉིན། མཚོ་སྔོན་པོའི་ལྷོ་ནུབ་རྒྱུད་ཀྱི་མཚོ་དང་མཚེའུ་མཚོ་དར་ཞུ་བའིཁྱབ་རྒྱ་ཆེ་བ་དང་།མཚོ་འགྲམ་ནས་མཚོ་དཀྱིལ་དུ་ཚད་ལྡན་མིན་པའི་སྒོར་མོའི་རྣམ་པ་གྲུབ། ཟླ3ཚེས31ཉིན། མཚོ་སྔོན་པོའི་མཚོ་དར་ལྷུང་བའི་རྒྱ་ཁྱོན་སྔར་བས་ཆེ་རུ་ཕྱིན་ཡོད་པ་དང་། ཤར་ཕྱོགས་འགྲམ་རྒྱུད་ཀྱི་མཚོ་དར་ལྷུང་བའི་སྣང་ཚུལ་ཅུང་མངོན་གསལ་ཡིན།

མཚོ་སྔོན་པའི་ཞལ་སྒོ་འབྱེད་པ་ནི་གནམ་གཤིས་འགྱུར་ལྡོག་གྱི་རང་བྱུང་མཚོན་རྟགས་ཤིག་ཡིན་པ་དང་།  མཐོ་སྒང་གི་སྐྱེ་ཁམས་མུ་འབྲེལ་གྱི་སླར་གསོའི་མགོ་ཚུགས་ས་ཡིན། མཚོ་དར་ཞུ་བ་དང་བསྟུན་ནས། མཚོ་སྔོན་པོའི་གསེར་ཉ་འཁྱུག་མགོ་བརྩམས་པ་དང་། བྱ་རིགས་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་འབྱོར་ཡོད་ལ། མཚོ་དར་ཞུ་བའི་ཁུལ་ཁོངས་སུ་ཁ་ཟས་འཚོལ་བ་དང་།  འཁྱགས་རོམ་དང་བྱ་རིགས་སྣ་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རི་མོ་ཞིག་གྲུབ་ཡོད།  ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཀྱིས་ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་ཉིན་བདུན་རིང་། མཚོ་སྔོན་པོའི་ཁུལ་ཁོངས་ཀྱི་ས་ཁུལ་མང་ཆེ་ཤོས་ཀྱི་གནམ་གཤིས་དྲོ་བ་དང་ཡང་ན་སྤྲིན་མང་ལ། རླུང་ཆེ་བས་མཚོ་དར་ཞུ་བར་ཕན།


ཏིང་འཛིན་མཚོ་མོས་བསྒྱུར།