རང་རྒྱལ་གྱི་སྔོན་གཤེགས་དཔའ་བོའི་ཐོང་ཐང་ངོས་འཛིན་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་པ་བླངས།
2025.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཚེས4ཉིན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་མི་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཧན་གོ་རུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་གསལ་འབྱེད་བྱ་བའི་ཐད་ནས་གྲུབ་འབྲས་གསར་པ་བླངས། ཚའོ་ཡུན་ཁྲང་དང་ཞུའུ་སི་ཡོན་སོགས་སྔོན་གཤེགས་དཔའ་བོ་བརྒྱད་ཀྱི་ཐོབ་ཐང་ངོས་འཛིན་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡིས་སྔོན་གཤེགས་དཔའ་བོའི་པུར་རུས་འཚོལ་ཞིབ་དང་གསལ་འབྱེད་ལྟེ་གནས་དང་། རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་པུར་རུས་ཀྱིDNAགསལ་འབྱེད་ཚོད་ལྟ་ཁང་བཙུགས་པ་མ་ཟད། ཚོད་ལྟ་ཁང་ལ་རྒྱབ་རྟེན་བྱས་ནས་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་པུར་རུས་ཀྱིDNAགཞི་གྲངས་མཛོད་དང་སྔོན་གཤེགས་དཔའ་བོའི་གཉེན་ཉེའིDNAགཞི་གྲངས་མཛོད་རིམ་པ་བཞིན་འཐུས་ཚང་དུ་བཏང་སྟེ། གཅིག་བསྡུས་སྒོས་གསལ་འབྱེད་ཀྱི་གནད་འགག་ལག་རྩལ་འགག་སྒྲོལ་བྱེད་པའི་བྱ་བ་སྤེལ། མིག་སྔའི་བར་དུ། རང་རྒྱལ་གྱིས་བསྟུད་མར་ལོ་བཅུ་གཅིག་ལ་སྐོར་ཐེངས་བཅུ་གཅིག་གི་བསྡོམས་པས་ཧན་གོ་རུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ981གི་པུར་རུས་ཕྱིར་མེས་རྒྱལ་དུ་བསུས་པར་མ་ཟད། དེའི་ཁྲོད་ཀྱི་སྔོན་གཤེགས་དཔའ་བོ28གྱི་ཐོང་ཐང་ངོས་འཛིན་གཏན་ཁེལ་གསལ་བོ་བྱས།

རིན་ཆེན་མཚོས་བསྒྱུར།