མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁོངས་སྤྱི་ཆིང་འབུམ་བཞི་དང་ཁྲི་གཅིག་སྟོང་དྲུག་གི་ལྗང་བསྒྱུར་ཡོངས་འགྲུབ་བྱས།
2025.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4བའི་ཚེས2ཉིན། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ཚུན་དུ། མཚོ་སྔོན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་འགུལ་སྤྱོད་སྤེལ་བ་དང་། སྟོབས་ཤུགས་ཡོད་རྒུས་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབས་པས། ལོ་ཧྲིལ་པོར་རྒྱལ་ཁོངས་སྤྱི་ཆིངས་འབུམ་བཞི་དང་ཁྲི་གཅིག་སྟོང་དྲུག་སྤུས་ཚད་མཐོ་བའི་ངང་ལྗང་བསྒྱུར་བྱས།

རྒྱལ་ཁོངས་ལྗང་བསྒྱུར་གྱི་ཚོད་ལྟའི་དཔེ་སྟོན་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ནགས་བསྐྲུན། ཞན་འགྱུར་རྩྭ་ཐང་ཉམས་གསོ། མྱ་ངམ་ཐང་དུ་འགྱུར་བར་བཅོས་སྐྱོང་བྱེད་པ་དང་ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་བཅོས་སྐྱོང་ཉམས་གསོའི་ལས་འགན་ཐད་ཤུགས་བཏོན་པ་དང་། དེའི་ཁྲོད་ནགས་ཚལ་སྤྱི་ཆིངས་འབུམ་གཅིག་དང་སྟོང་བདུན་བརྒྱད་བརྒྱ་དང་བཞི་བསྐྲུན་པ་དང་། ཞན་འགྱུར་རྩྭ་ཐང་སྤྱི་ཆིངས་འབུམ་གསུམ་དང་སྟོང་བརྒྱད་ལ་བཅོས་སྐྱོང་བྱས། ཞིང་ཆེན་ཡོངས་ཀྱི་མཉམ་འབྲེལ་དྲ་རྒྱ་དང་དམངས་ཡོངས་འོས་འགན་སྡོང་འཛུགས་ཀྱི་ཟུང་འབྲེལ་རྟེན་གཞི33ལ་རྒྱབ་བརྟེན་ནས། ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱི་དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱི་ནགས་ཚལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མིའི་ནགས་ཚལ་སོགས་བརྗོད་བྱའི་ནགས་ཚལ་གྱི་སྡོང་འཛུགས་བྱ་འགུལ་ཧུར་ཐག་གིས་སྤེལ་ནས།  སྡོང་བོ་བྱེ་བ་གཅིག་དང་ས་ཡ་བརྒྱད་བཙུགས། མཁར་གྲོང་གཞི་གཅིག་ཅན་གྱི་ལྗང་བསྒྱུར་ལ་སྐུལ་འདེད་བཏང་བ་དང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ4དང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ6བསྐྲུན་ལ། གྲོང་གསེབ15ལྗང་བསྒྱུར་མཛེས་བཟོ་བྱ་བར་གཅིག་འདོམས་བྱས། གནའ་ཤིང་གྲགས་ཅན་སྲུང་སྐྱོང་དོ་དམ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། གནའ་ཤིང་གྲགས་ཅན་གྱི་རྗེས་གྲབས་ཐོན་ཁུངས་ཁྱབ་བཤེར་བྱ་བ་སྤེལ་ལ། སྲུང་སྐྱོང་བྱང་བུ་དང་སྦྱར་ཡིག489ལས་པ་དང་། རྒྱལ་ཡོངས་ཀྱི་གནའ་ཤིང་གྲགས་ཅན་རིག་སྟོབས་མ་ལག་གི་པར་ཡིག་ཆ་འཕྲིན་489ཁ་གསབ་བྱས།

བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་བྱ་བར་དམིགས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ལས་གཞི་མ་དངུལ་བརྩོན་ལེན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་གཏན་འབེབས་བྱས་ལ།  བྱང་གསུམ་ས་ཁུལ་གྱི་ཀྲུང་དབྱང་གི་སྤྱིའི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་དྲུག་དང་། ཞིང་ཆེན་རིམ་པའི་ཆ་སྡེབ་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་བདུན་འབུམ་དགུ་ཁྲི་བརྒྱད་ལག་བསྟར་བྱས་ནས། ལས་གཞི་གལ་ཆེན27ལག་བསྟར་བྱས་པ་དང་། ལས་མགོ་འཛུགས་ཚད63%ལ་སླེབས་ཤིང་། བྱེ་ས་སྤྱི་ཆིངས་ཁྲི་དགུ་དང་སྟོང་དགུ་སུམ་བརྒྱའི་ཡན་འགོག་བཅོས་བྱས་པ་མ་ཟད། གྲབས་གསོག་ལས་གཞི48ཇུས་འགོད་བྱས། དེའི་བར་དུ། ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་གླིང་བར་མཚོ་སྔོན་གྱི་བྱང་གསུམ་བཟོ་སྐྲུན་གྱི་གཅིག་ཅན་བཞི་ཡི་ལས་འགན་མཉམ་ལས་གྲོས་མཐུན་བཀོད་པ་དང་། ཀྲུང་གོ་ནགས་ལས་ཚན་རིག་གླིང་གིས་མཚོ་སྔོན་གྱི་ནགས་རྩྭ་ཚན་རྩལ་བྱ་བར་རྒྱབ་སྐྱོར་བྱེད་པའི་གཅིག་ཅན་བཞིའི་ལས་འགན་གསལ་ཕྲ་པར་འགྲེམས་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་གྱི་ལག་རྩལ་གཙོ་བོའི་ལག་བསྟར་ཚོད་ལྟའི་ཞིབ་སྲོལ་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་ཆེད་མཁས་པའི་ལག་རྩལ་འདེགས་སྐྱོར་མཉམ་འབྲེལ་རྐྱེན་སྲོལ་བཙུགས། དེར་མ་ཟད། ཁུལ་ཁོངས་མཉམ་འགོག་མཉམ་བཅོས་ལ་ཤུགས་བསྣན་པ་དང་། ཞིན་ཅང་བར་མཚོ་སྔོན་དང་ཞིན་ཅང་གི་བྱེ་འགྱུར་འགོག་བཅོས་དང་བྱང་གསུམ་གྱི་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་གཙོ་བོའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་དེ། མཉམ་དུ་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབས།

དེའི་རྨང་གཞིའི་སྟེང་། ནགས་རྩྭ་ཐོན་ཁུངས་ཀྱི་དོ་དམ་སྲུང་སྐྱོང་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་བ་དང་། ནགས་རྩྭ་བརླན་བཤེར་ཡོངས་ལ་ཁེབས་པའི་ཐོན་ཁུངས་ཕྱོགས་བསྡུས་ཁྱབ་བཤེར་དང་པར་རིས་གཅིག་གི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་བཤེར་བྱེའི་གནས་ཚུལ་གཙོ་བོ་དང་སྐྱེ་ཁམས་གནས་བབ་ལ་ཕྱོགས་ཡོངས་ནས་བརྟག་བཤེར་བྱས། ནགས་རྩྭའི་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱེད་ཐབས་ཇེ་ཆེར་བཏང་བ་དང་། ནགས་ས་སྤྱི་ཆིངས་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་སུམ་བརྒྱའི་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱས།

རིན་ཆེན་མཚོས་བསྒྱུར།