ཉེ་ལམ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཁྲལ་དོན་ཅུའུ་ཡིས་གཏེར་ལེན་ཁ་རུ་མཚོ་ནུབ་ཁུལ་གྱི་སྐབས་སོ་བཞི་པའི་རྒྱལ་ཡོངས་ཁྲལ་བསྡུ་དྲིལ་སྒྲོག་ཟླ་བའི་མགོ་རྩོམ་མཛད་སྒོ་དང་མཚོ་ནུབ་ཁྲལ་དོན་ཧྥུན་ཆའོ་དང་ཚོང་རྟགས་འོས་སྦྱོར་ཚོགས་འདུ་བསྡུས་པར་མ་ཟད། ཡུལ་དངོས་སུ་མཚོ་ནུབ་ཁུལ་གྱི་ཁྲལ་འཇལ་ཡིད་རྟོན་རིམ་པAཅན་ལྔ་མཐུད་པའི་ཡན་གྱི་ཁྲལ་འཇལ་མཁན་བཅུ་དྲུག་ལ་བྱང་བུ་སྤྲོད་པའི་མཛད་སྒོ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཁྲལ་བསྡུ་དྲིལ་སྒྲོག་ཟླ་བར་ཁྲལ་བསྡུ་དང་ཁྲིམས་སྐྱོང་། དྲང་བཞག་བཅས་བརྗོད་གཞི་བྱས་ནས། བྱ་འགུལ་སྐབས་སུ་མཚོ་ནུབ་ཁྲལ་དོན་སྡེ་ཁག་གིས་ལུགས་མཐུན་སྒོས་ཚོང་གཉེར་བྱེད་པར་ཁྲིད་སྟོན་བྱེད་པའི་མུ་འབྲེལ་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ལུགས་མཐུན་སྒོས་ཚོང་གཉེར་བྱེད་པ་དང་ཡིད་རྟོན་ཁྲལ་འཇལ་གྱི་དཔེ་མཚོན་ལེགས་པོ་དྲིལ་སྒྲོག་བྱས་ཏེ། ཁྲལ་དོན་དང་ཁེ་ལས་གཅིག་གཏད་གཅིག་དང་། ལས་སྒོ་འབྱེད་པའི་ཐུན་དང་པོ་སོགས་ཀྱི་དྲ་རྒྱའི་བྱ་འགུལ་སྤེལ། དེ་དང་མཉམ་དུ། མཚོ་ནུབ་ཀྱི་ས་ཁོངས་རིག་གནས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། བྱིས་བློས་ཁྲལ་བསྡུ་ལ་བལྟ་བ་ཞེས་པའི་བྱ་འགུལ་སྤེལ་བ་དང་། ང་དང་ཁྲལ་བསྡུ་ཁྲིམས་སྐྱོང་གི་གཏམ་རྒྱུད་ཅེས་པ་སོགས་བསྡུ་སྒྲིག་བྱས་ཏེ་ཁྲལ་བསྡུ་བཅོས་སྐྱོང་ལས་ཁུངས་སུ་བསྐྱོད་པ་དང་སྡེ་ཁག་ཏུ་བསྐྱོད་པ་སོགས་བསྐྱོད་པ་དྲུག་གི་བྱ་འགུལ་སྤེལ་བ་དང་། གོ་སླ་ཞིང་ཉན་སྤྲོ་བའི་སྐད་ཆ་སྤྱད་ནས་ཁྲལ་དོན་ལག་ལེན་ཐད་སྣང་ཚུལ་ཡག་པོ་ཞིག་བསྐྲུན།
མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ། མཚོ་ནུབ་ཁུལ་ཁྲལ་དོན་ཅུའུ་ཡི་ལས་བྱེད་མི་སྣས་མཚོ་ནུབ་ཀྱི་ཁྲལ་དོན་ཧྥུན་ཆའོ་དང་ཁྲལ་འཇལ་ཞབས་ཞུ་འོས་སྦྱོར་བྱས། མཚོ་ནུབ་ཁུལ་ཁྲལ་དོན་ཅུའུ་ཡིས་དེ་སྔོན་གསར་གཏོད་བྱས་ནས་བཏོན་པའི་ཁྱད་ལྡན་ཁྲལ་འཇལ་ཞབས་ཞུའི་ཟོང་རྟགས་དེ་ཚ་འདམ་གྱི་ཁྲལ་དོན་ཞབས་ཞུའི་ལས་སྒྲུབ་ཁང་དང་དུས་རབས་གསར་བའི་ཧྥུན་ཆའོ་ལུགས་ཀྱི་འདུམ་སྒྲིག་ལས་སྒྲུབ་ཁང་གཉིས་སྔར་ལས་ལེགས་སྒྱུར་མཉམ་འདྲེས་བྱས་པ་དང་། གསར་གཏོད་རང་བཞིན་ལྡན་པའི་ཧྥུན་ཆའོ་དང་ཁྲལ་གྲོན་ཞབས་ཞུའི་རྣམ་པ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ལ། དུས་རབས་གསར་བའི་ཧྥུན་ཆའོ་ལུགས་ཀྱི་ཁྲལ་དོན་ཞབས་ཞུའི་ལས་སྒྲུབ་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས། སྟེགས་བུ་དེ2024ལོའི་ཟླ12པར་བེད་སྤྱོད་བྱས་པའི་ཚུན་ལ། ཚན་རིག་དང་ལུགས་མཐུན་གྱི་སྒྲོམ་གཞི་དང་ཕུན་སུམ་ཚོགས་པའི་བྱེད་ནུས་ལ་བརྟེན་ནས། མྱུར་དུ་འཛད་སྤྱོད་པའི་ཁས་ལེན་ཐོབ་པ་དང་། ཁྲལ་འཇལ་ཞབས་ཞུའི་ལེའུ་གསར་བ་འབྲི་མགོ་བརྩམས་ཏེ། ཁྲལ་བསྡུ་བྱ་བ་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པར་རོགས་ཤུགས་བཏོན་པ་དང་། ཁྲལ་བསྡུའི་ཁོར་ཡུག་ཁྲོད་ཁུལ་ཁོངས་དཔལ་འབྱོར་བརྟན་པོའི་ངང་འཕེལ་བར་སྐུལ་འདེད་བཏང་།
ལྷ་མོ་འཚོས་བསྒྱུར།