ཟླ4པའི་ཚེས2ཉིན།ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས“སྡོད་ཁང་འཛུགས་སྐྲུན་གྱི་ལྗང་མདོག་འཕེལ་རྒྱས་འགན་འཁྲི་ལག་བསྟར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་སྐུལ་འདེད་ལོའི་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ་དང་། འཛུགས་སྐྲུན་མངའ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་ཆེད། སྡོད་ཁང་འཛུགས་སྐྲུན་གྱི་མངའ་ཁོངས་ཀྱི་ལྗང་མདོག་འཕོ་འགྱུར་ལ་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རོགས་རམ་བྱེད་པ་བཅས་ཀྱི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།
བྱ་འགུལ་སྤེལ་སྐབས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འཆར་འགོད་དང་ཨར་ལས། ལྟ་ཞིབ་དོ་དམ། ས་ཁང་བདག་ཁོངས་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི་དང་ཁེ་ལས་ཀྱི་འཐུས་མི་གདན་ཞུ་བྱས་ནས། མཚོ་སྔོན་གྱི་ས་གནས་དང་མཐུན་པའི་ལྗང་མདོག་འཕེལ་རྒྱས་འདུ་ཤེས་ཀྱི་རྣམ་པ་གསར་པའི་ཨར་ལས་རྒྱུ་ཆ་ཁེ་ལས་སུ་བསྐྱོད་དེ། མཚོ་སྔོན་གྱི་རྣམ་པ་གསར་པའི་ཨར་ལས་རྒྱུ་ཆའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། ཕྱོགས་གཉིས་ལ་བརྗེ་རེས་མཉམ་ལས་ཀྱི་ཟམ་པ་བསྐྲུན། མིག་སྔར། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཧུར་ཐག་གིས་ཁང་པ་བཟང་པོ་ལས་པ་དང་། ཁང་པ་བཟང་པོ་ནི་ས་ཁང་བདག་ཁོངས་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། བདེ་འཇགས་དང་སྤྲོ་སྐྱིད། ལྗང་མདོག རིག་ནུས་ཅན་གྱི་ཁང་པ་བཟང་པོ་ལས་པར་རྒྱུ་ཆ་བཟང་པོའི་འདེགས་སྐྱོར་བྱེད་པ་དང་ཁ་འབྲལ་ཐབས་མེད། བྱ་འགུལ་དེ་མགོ་བརྩམས་པས། སྔར་ལས་ལྷག་པའི་སྒོ་ནས་སྟོད་སྨད་རྒྱུད་ཀྱི་ཁེ་ལས་དང་ལས་ཁུངས་བར་མཉམ་ལས་བྱེད་པར་སྐུལ་འདེད་བཏང་ནས། ལྗང་མདོག་ཨར་ལས་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད་བྱེད་པ་ནས་བཀོལ་སྤྱོད་བྱེད་པའི་བར་གྱི་ཕྲེང་འབྲེལ་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། ཁང་པ་བཟང་པོ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས།
འཛུགས་སྐྲུན་ཁྱབ་ཁོངས་སུ་ནུས་ཁུངས་གྲོན་ཆུང་བྱེད་པའི་བྱ་བ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་འཛུགས་སྐྲུན་ཁྱབ་ཁོངས་སུ་ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་དམའ་རུ་གཏོང་བའི་བྱ་བར་ཚད་གཞི་མཐོ་བའི་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ལས་རིགས་ཀྱི་ལྗང་མདོག་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་།
མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལྔ་བཅུ་ཡི་ཐོན་རྫས118ལ་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་དཔྱད་འཇོག་ངོས་ལེན་ཐོབ་ཡོད། འཛུགས་སྐྲུན་རྒྱུ་ཆ་ཐོན་སྐྱེད་བྱེད་པའི་ཁེ་ལས་བཅུ་གསུམ་གྱི་ཐོན་རྫས་བཞི་ལ་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་དཔང་ཡིག་ཐོབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྤྱི་བའི་འཛུགས་སྐྲུན་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་། གྲོང་ཁྱེར་གསར་སྒྱུར་སོགས་གཙོ་གནད་ལས་གཞིའི་ཁྲོད་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་འཛུགས་སྐྲུན་གྱི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་གཏོང་ཆེད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས།
ཤ་བོ་རིན་མཚོས་བསྒྱུར།