ད་ལོའི་དུས་ཚིགས་དང་པོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དཔལ་འབྱོར་བརྟན་འཇགས་དང་། འཕར་སྣོན་ལ་ཁག་ཐེག འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་སྤྱིའི་དམིགས་འབེན་ལྟར། ནོར་ཁྲལ་སྲིད་ཇུས་དངོས་འབེབ་དང་ཡོང་འབབ་རྩ་འཛུགས་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་། མིག་སྔའི་བར་དུ། ས་གནས་ཀྱི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་བྱེ་བ་དྲུག་དང་ས་ཡ་ལྔ་ཡོངས་འགྲུབ་བྱས་པ་དང་། ལོ་སྔོན་མོའི་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་འཕར་བ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་གསུམ་འཕར་ནས། དུས་ཚིགས་དང་པོར་ཡོང་འབབ་ལེགས་པོ་བླངས།
སྲིད་གཞུང་གི་སྡོད་ཁང་སྤྱི་གསོག་ཡོང་འབབ་ཁྲོད་ཀྱི་དོ་དམ་གྲོན་དངུལ་དང་སྤྱི་བའི་གླ་ཁང་གི་གྲོན་དངུལ། གཞུང་ཞབས་པའི་རྒྱུགས་སྤྲོད་གྲོན་དངུལ། འགྲིམ་འགྲུལ་སྒྲིག་འགལ་གྱི་ཆད་གཅོད་གཞུང་བཞེས་མ་དངུལ་བཅས་ལ་དམིགས་ཏེ། རྫ་སྟོད་རྫོང་གི་ས་ཞིང་བདག་འཛིན་བཀོལ་སྤྱོད་ཀྱི་ཁྲལ་སོགས་ཁྲལ་ཁུངས་གཙོ་བོ་དང་ཁྲལ་རིགས་གཙོ་བོ་དག་ལ་སྐུལ་ཁྲིད་དང་བྱ་བའི་རྩིས་ཐོ་བཙུགས་ནས། ཡོང་འབབ་ཀྱི་གནས་ཚུལ་དམ་འཛིན་དང་། ཁྲལ་བསྡུ་དོ་དམ་བྱེད་ཕྱོགས་ཇེ་དྲག་ཏུ་བཏང་ནས། ཁྲལ་བསྡུ་དང་ཁྲལ་རིགས་མིན་པའི་ཡོང་འབབ་ཁག་དུས་ལྟར་མཛོད་དུ་འཇུག་པ་བཅས་བྱས་ནས་བསྡུ་འོས་པ་དག་ནུས་ཚོད་ཀྱིས་བསྡུ་ཐུབ་པ་བྱས། ཁྲོམ་རའི་གསོན་ཤུགས་ལ་སྲིད་ཇུས་ཀྱིས་སྣེ་ཁྲིད་བྱས་ནས། ཡུས་ཧྲུའུ་ཁུལ་གྱི་དམངས་ཕན་ཞིང་ཕན་ཁེ་ལས་ལ་ཕན་པའི་བྱེད་ཕྱོགས་དང་། ལས་སྐྲུན་དངུལ་བུན་ཆུང་གྲས། གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་བརྗེ། འཛད་སྤྱོད་དངོས་རྫས་རྙིང་བ་གསར་བརྗེ་སོགས་ཀྱི་སྲིད་ཇུས་དངོས་འབེབ་བྱས་ནས། ཚོང་གཉེར་གཙོ་བོའི་གསོན་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཁེ་ལས་གསར་པ་དང་ཕུལ་བྱུང་ཁེ་ལས་ལ་ཁྲལ་བསྡུའི་འགན་འཁུར་ཇེ་ཡང་དུ་གཏོང་པ་དང་། ཁྲལ་ཁུངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་ཏུ་བཅུག དུས་མཉམ་དུ། ཡོང་འབབ་འགུལ་རྣམ་གྱི་ལྟ་ཞིབ་རྐྱེན་སྲོལ་བཙུགས་ནས། དུས་ངེས་གཏན་ལྟར་ནོར་ཁྲལ་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། ནོར་སྲིད་དང་ཁྲལ་དོན་སོགས་སྡེ་ཁག་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ལས་རིགས་གཙོ་བོ་དང་ཁེ་ལས་གཙོ་བོའི་ཁྲལ་བསྡུའི་འགུལ་རྣམ་ལ་རྣམ་ཀུན་ལྟ་སྐུལ་བྱེད་པ་དང་། ཡོང་འབབ་ཀྱི་ཉེན་ཁར་སྔ་མོ་ནས་ཉེན་ཟོན་བྱས་ནས། ནོར་སྲིད་ཡོང་འབབ་ཀྱི་བརྟན་འཇགས་འཕར་སྣོན་ལ་ཁག་ཐེག་བྱས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།