ཟླ་བཞི་པར་སླེབས་དུས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་རོང་ཁུལ་གྱི་ཞིང་སར་སྐྱེ་སྟོབས་ཀྱི་དཔལ་རྒྱས་མགོ་བརྩམས་ཡོད། རྫོང་དེས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཙོ་ཐིག་ཏུ་བྱས་ནས། འགན་འཁྲིའི་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ། སྐྱེ་ཁམས་ཕྲེང་འབྲེལ། ལག་རྩལ་ཕྲེང་འབྲེལ། ཞབས་ཞུའི་ཕྲེང་འབྲེལ་བཅས་ཕྲེང་འབྲེལ་ལྔའི་མཐུན་སྦྱོར་རྐྱེན་སྲོལ་བསྐྲུན་ཞིང་། ཏང་སྲིད་གཅིག་འདོམས་དང་། ཁྲོམ་རའི་འདོན་སྲུང་། ཚན་རྩལ་གྱིས་སྟོབས་ནུས་སྩོལ་བ། སྐྱེ་ཁམས་གཙོ་བོར་འཛིན་པ། དམངས་ཡོངས་ཟབ་ཞུགས་བྱེད་པ་བཅས་ཀྱི་དཔྱིད་འདེབས་གྲ་སྒྲིག་བྱ་བའི་མ་ལག་གྲུབ་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་དཔྱིད་འདེབས་གྲ་སྒྲིག་ལ་སྐུལ་འདེད་བཏང་།
ནང་ཆེན་རྫོང་གིས་འདེབས་འཛུགས་ལས་འགན་མུའུ་འབུམ་གཅིག་དང་ཁྲི་གསུམ་སྟོང་གཉིས་དང་དྲུག་བརྒྱ་དེ་གྲོང་རྡལ་དང་ཡུལ་ཚོ་བཅུ་དང་། སྲིད་འཛིན་སྡེ་བ་རེ་དགུར་བགོས་པ་དང་། ནས་ནག་དང་ཞོག་ཁོག ཡུག་པོ་བཅས་ཀྱི་འདེབས་འཛུགས་རྟེན་གཞི་འཛུགས་པར་སྐུལ་འདེད་བཏང་ལ། རྨོ་ཞིང་གི་ས་རྒྱུ་སྲུང་སྐྱོབ་ཁ་གསབ་དང་འདེབས་འཛུགས་ལས་འགན་སྦྲེལ་མཐུད་བྱེད་པའི་རྒྱུགས་བཤེར་བྱེད་ཐབས་བཏོན་ནས། ས་ཞིང་འདེབས་མཁན་ཡོད་པ་དང་འགན་འཁྲི་འཁུར་མཁན་ཡོད་པར་ཁག་ཐེག་བྱས། སྤྱི་བསྒྲགས་ཚོང་འགུག་བརྒྱུད་དེ་ཞིང་རྒྱུ་འགན་སྲུང་ཁེ་ལས་འདེམས་པ་དང་། ཞིང་རྒྱུ་འདོན་སྤྲོད་ཚོང་བར་མཐུན་སྦྱོར་བྱས་ནས། ཞིང་བཀོལ་དངོས་རྒྱུ་གྲ་སྒྲིག་དང་སྐྱེལ་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། སྐྱེ་ལྡན་ལུད་རྫས་ཏུན་སྟོང་བདུན་དང་ཉིས་བརྒྱ་བརྒྱད་ཅུ་གསོག་ཉར་བྱས་ལ། གྲོང་རྡལ་དང་ཡུལ་ཚོའི་འཕྲལ་བསྟུན་གསོག་ཉར་ས་ཚིགས་བཙུགས་ཏེ། ཞིང་རྒྱུ་འདོན་སྤྲོད་བྱེད་པར་ཁག་ཐེག་བྱས། མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་གསུམ་བཏང་བ་དང་། སྐྱེ་ལྡན་ལུད་རྫས་ཁ་གསབ་དང་ལྗང་མདོག་ཚོད་འཛིན་སོགས་ཀྱི་བྱ་བ་བསྒྲུབས་ནས། རྫས་ལུད་དང་ཞིང་སྨན་བེད་སྤྱོད་མི་བྱེད་ལ་དེ་དག་ཚབ་བརྗེས་བྱས་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ས་ཞིང་གི་གཤིན་ཚད་ནུས་མཐོ་སྒོས་མཐོར་འདེགས་བཏང་། དེ་དང་མཉམ་དུ། ཀྲུང་དབྱང་གི་ཚན་རྩལ་ཆེད་མངགས་པའི་ཚོགས་པའི་ཚན་རྩལ་ཆེད་མངགས་པའི་བྱ་བའི་ས་ཚིགས་དང་ཡུས་ཧྲུའུ་ཁུལ་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཞིང་ལས་ལག་རྩལ་ཆེད་མཁས་པ་གདན་ཞུ་བྱས་ནས་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་པ་དང་། དཔྱིད་འདེབས་བྱ་བ་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་མཛུབ་སྟོན་བྱས་ནས། གཞུང་ལུགས་གསོ་སྦྱོང་དང་ཞིང་སའི་ལག་ལེན། དྲ་རྒྱའི་སྟེང་ནས་དྲིས་ལན་འདེབས་པ་བཅས་མཉམ་འབྲེལ་རྣམ་པའི་ཞབས་ཞུའི་རྣམ་པ་གྲུབ་པ་དང་། ཞིང་ལས་འཕེལ་རྒྱས་ཐད་གསོན་ཤུགས་གསར་བ་བསྣན།
ལྷ་མོ་འཚོས་བསྒྱུར།