གསར་འགོད་པས་ཚེས7ཉིན་ཚོད་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ4ཚེས6ཉིན། ཚོང་དོན་པུའུ་ཡིས་ཨ་མེ་རི་ཁའི་ཁེ་ལས་ཀྱི་སྒོར་ཅོག་གྲོས་ཚོགས་བསྡུས་པ་དང་། ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་སྤྱིའི་ཉོ་ཚོང་གྲོས་མོལ་གྱི་འཐུས་མི་ལིན་ཅི་ཡིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་འགྱུར་བ་གཏོང་མི་སྲིད་ཅིང་། ཕྱོགས་མང་རིང་ལུགས་ནི་འཛམ་གླིང་འཕྲད་པའི་དཀའ་གནད་དང་འགྲན་རྩོད་ཐག་གཅོད་བྱེད་པའི་དགོས་ངེས་ཀྱི་གདམ་ག་ཞིག་རེད། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་ཇེ་ཆེ་ནས་ཇེ་ཆེར་འབྱེད་རྒྱུ་མ་ཟད། ཕྱི་ཕྱོགས་དངུལ་གཏོང་སྲིད་ཇུས་བེད་སྤྱོད་གཏོང་བར་འགྱུར་བ་བཏང་མེད་ལ་འགྱུར་བ་གཏོང་མི་སྲིད། ཚོང་དོན་པུའུ་ཡིས་ཨ་མེ་རི་ཁའི་ཁེ་ལས་འདུ་བའི་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ལ་སྔར་བཞིན་འགན་སྲུང་འདོན་སྤྲོད་བྱེད་ཅིང་། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ་དང་། ཕྱི་རྒྱལ་གྱི་ཁེ་ལས་གནད་དོན་ཐག་གཅོད་བྱེད་པའི་རེ་ཞུར་སྐུལ་འདེད་ཧུར་ཐག་གཏོང་ངེས་ཡིན། ཀྲུང་གོ་འདས་མ་ད་གསུམ་གང་ཡིན་རུང་ཕྱི་ཕྱོགས་ཉོ་ཚོང་གི་ཕུགས་འདུན་དང་བདེ་འཇགས། བྱེད་ཕྱོགས་བཅས་མངོན་ཐུབ་པའི་དངུལ་གཏོང་གཤིན་ས་ཡིན།
ལིན་ཅི་ཡིས་བཤད་རྒྱུར། ཉེ་ལམ། ཨ་མེ་རི་ཁས་ཁ་གཡོར་ས་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོ་འདུ་བའི་ཉོ་ཚོང་གྲོགས་པོ་ཡོངས་ལ་སྒོ་ཁྲལ་ཇུས་བསྟར་གང་འདོད་དུ་སྤྱོད་པ་ཁྱབ་བསྒྲགས་བྱས་པ་ལས། སྒྲིག་སྲོལ་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་ལ་གནོད་པ་ཚབས་ཆེན་བཏང་ཞིང་། རྒྱལ་ཁབ་སོ་སོའི་རང་བདག་ཁེ་དབང་ལ་བཙན་གནོད་བཏང་བས། ཀྲུང་གོའི་སྲིད་གཞུང་གིས་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་པ་དང་། མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་མ་ཟད། བྱེད་ཐབས་ནན་མོ་སྤྱད་ནས་བཀག་འགོག་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་བཀག་འགོག་བྱེད་ཐབས་ནི་ཨ་མེ་རི་ཁའི་དངུལ་གཏོང་ཁེ་ལས་འདུ་བའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱེད་པ་ཞིག་དང་། ཨ་མེ་རི་ཁ་ཕྱོགས་མང་རིང་ལུགས་རྐྱེན་སྲོལ་གྱི་ཡང་དག་པའི་བགྲོད་ལམ་ནང་ཕྱིར་ཡོང་བར་སྐུལ་འདེད་གཏོང་བ་ཞིག་ཡིན། སྒོ་ཁྲལ་གནད་དོན་གྱི་གཞི་རྩ་ཨ་མེ་རི་ཁར་ཐུག་ཡོད་པས། ཨ་མེ་རི་ཁའི་དངུལ་གཏོང་ཁེ་ལས་ཀྱིས་འབྱུང་རྩ་ཁུངས་འདེད་དང་། རྒྱུ་རྐྱེན་གསལ་འབྱེད་བྱེད་དགོས་ཤིང་། ལུགས་མཐུན་གྱི་སྐད་ཆ་བཤད་པ་དང་དངོས་གཉེར་གྱི་འགུལ་སྐྱོད་སྤེལ་ནས། འཛམ་གླིང་གི་མཁོ་འདོན་མུ་འབྲེལ་གྱི་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
ཐི་སི་ལཱ་དང་ཐུང་ཡུང་སྨན་བཅོས། མེ་ཏུན་ལིས་ཀུང་ཟི་སོགས་ཨ་མེ་རི་ཁའི་དངུལ་གཏོང་ཁེ་ལས་ཉི་ཤུ་ལྷག་གི་འཐུས་མི་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་ཐེངས་འདིའི་གྲོས་ཚོགས་ལས་ཡར་བརྩོན་གྱི་བརྡ་རྟགས་བརྒྱུད་བསྒྲགས་བྱས་ཡོད་པས་དུས་ལྟར་སྤྱི་ཁྱབ་པུའུ་ལ་སྙན་ཞུ་འབུལ་རྒྱུ་ཡིན་པའི་ཚུལ་བསྟན། ཚོགས་ཐོག་ཏུ། ཁེ་ལས་འཐུས་མིས་མིག་སྔར་དངུལ་གཏོང་བདག་གཉེར་ཁྲོད་འཕྲད་པའི་གནད་དོན་ཕྱིར་འདོན་བྱས་ཤིང་། ཚོང་དོན་པུའུ་ཡི་འབྲེལ་ཡོད་ཟི་དང་ཅུའུ་ཡི་འགན་ཁུར་བས་ཡུལ་དངོས་ནས་རེ་རེ་བཞིན་ལན་བཏབ།
རིག་འཛིན་སྒྲོལ་མས་བསྒྱུར།