ཟླ4པའི་ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། བསྡོམས་རྩིས་བྱས་པར་གཞིགས་ན་མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་བདེ་སྐྱིད་ཀྱི་ནང་དོན་ལྡན་པའི་མཚོ་དང་མཚེའུ66བཙུགས་ཟིན་ལ། མང་ཚོགས་ཀྱི་ཡིད་ཚིམ་ཚད་བརྒྱ་ཆའི93.3ལ་ཇེ་མཐོར་སོང་། ཉེ་བའི་ལོ་འདི་འགར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གཙང་བོ་དང་མཚེའུའི་ཆུ་དཔོན་ལམ་ལུགས་བཅོས་སྒྱུར་བྱེད་པ་སྣེ་ཁྲིད་དུ་བཟུང་སྟེ། ཆུའི་སྐྱེ་ཁམས་སླར་གསོ་བྱེད་པ་རྩ་འཛུགས་ལག་བསྟར་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་ཐོན་ཁུངས་སྲུང་སྐྱོབ། ཆུ་གསུམ་གཅིག་འདོམས་མ་ལག་བཟོ་སྐྲུན་པས། གཙང་བོ་དང་མཚེའུ་འགྲམ་དུ་ཆུ་དྭངས་ཤིང་ཉའི་འཁྱུག་རྩལ་ངོམ་བཞིན་ཡོད། མཚོ་ངོགས་ལྗང་ཞིང་ཡུལ་ལྗོངས་མཛེས་ལ། མི་སྡོད་དང་ལས་རིགས་གཉེར་བར་འཚམ་པ་དང་། མི་དང་ཆུ་འཆམ་མཐུན་གྱི་རེ་འདུན་དངོས་སུ་ཚོར་ཐུབ།
རྒྱལ་ཁབ་ཀྱིས་བདེ་སྐྱིད་ཀྱི་གཙང་བོ་དང་མཚེའུ་འཛུགས་སྐྲུན་བྱེད་པ་ཐག་གཅོད་བྱས་པ་ནས་བཟུང་། མཚོ་སྔོན་གྱིས་བསྟུད་མར་ལོ་གསུམ་ནང་གཙང་བོ་དང་མཚེའུ་འཛུགས་སྐྲུན་བྱེད་པ་དེ་གཙང་བོ་དང་མཚེའུའི་ཆུ་དཔོན་ལམ་ལུགས་ལ་གཏིང་ཟབ་ངང་སྐུལ་འདེད་གཏོང་བའི་བྱ་བ་གལ་ཆེན་དུ་བརྩིས་ནས། མཚོ་སྔོན་གྱིས་བདེ་སྐྱིད་ཀྱི་གཙང་བོ་དང་མཚེའུ་འཛུགས་སྐྲུན་བྱ་བའི་ཇུས་གཞི་བཟོ་བ་དང་། ཕན་འབྲས་དཔྱད་འཇོག་བྱ་བའི་ཇུས་གཞི་དང་དཔྱད་འཇོག་དམིགས་ཚད་མ་ལག་འཛུགས་སྐྲུན་བྱས་ཏེ། ལམ་ལུགས་འཛུགས་སྐྲུན་སྟེང་བཀག་སྡོམ་ལས་རིམ་མངོན་འགྱུར་བྱས་ནས། ཚན་རིག་དང་དངོས་ཡོད། མ་ལག་ལྡན་པའི་ངང་མཚོ་སྔོན་གྱི་གཙང་བོ་དང་མཚེའུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་ལག་རྩལ་གྱི་རྒྱབ་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱས།
གཙང་བོ་དང་མཚེའུའི་ཆུ་དཔོན་ལམ་ལུགས་རྒྱུན་མཐུད་ཤུགས་སྣོན་བྱས་པ་དང་། འཕྲེད་ཕྱོགས་ནས་མཐའ་བར་དང་། གཞུང་ཕྱོགས་ནས་མཐིལ་བར། ཆུ་བོ་དང་མཚེའུ་ཚང་མར་ཁྱབ་པའི་གཙང་བོ་དང་མཚེའུ་ཡི་མགོ་འཛིན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་འཛུགས་དགོས། གཙང་བོ་དང་མཚེའུའི་ཆུ་དཔོན་དང་ནགས་ཚལ་རྩྭ་སའི་སྤྱི་དཔོན་དང་ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན་བཅས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སི་ཁྲོན་དང་། ཀན་སུའུ། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཞིང་ཆེན་ལས་བརྒལ་བའི་གཙང་བོ་དང་མཚེའུ་མཉམ་འབྲེལ་སྔོན་འགོག་དང་མཉམ་འབྲེལ་ཚོད་འཛིན། མཉམ་འབྲེལ་བཅོས་སྐྱོང་གི་བྱ་བའི་ལམ་སྲོལ་བཙུགས་ནས་ས་ཁུལ་བར་དང་སྡེ་ཚན་བར་གྱི་སྲིད་འཛིན་བཀག་རྒྱ་གཏོར་དགོས།
2025ལོར། མཚོ་སྔོན་གྱིས་རྒྱུན་མཐུད་ངང་རྒྱལ་ཁབ་གྱིས་བདེ་སྐྱིད་ཀྱི་གཙང་བོ་དང་མཚེའུ་བཀོད་སྒྲིག་བྱེད་པའི་རེ་བ་ལྟར། རྒྱལ་ཡོངས་ཀྱི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་ཕུལ་བྱུང་གྱོད་དཔེ་དང་ཉམས་མྱོང་བསྡུར་ན། མཚོ་སྔོན་ཞིང་ཆེན་གྱི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལག་བསྟར་ཇུས་གཞི2025ལོ་ནས2030ལོའི་བར་བཟོ་འགོད་ལས་དོན་སྤེལ་འགོ་བཙུགས་ཏེ། ཁག་གཅིག་གྲབས་གསོག་དང་། ཁག་གཅིག་འཆར་འགོད། ཁག་གཅིག་ལས་འགོ་འཛུགས་པ་བཅས་ཀྱི་རྣམ་གྲངས་གྲབས་གསོག་མཛོད་བཙུགས། རྣམ་གྲངས་ལག་བསྟར་བྱེད་འཐུས་རང་བཞིན་གྱི་དཔྱད་འཇོག་དང་སྨིན་ཚད་རིམ་པ་དབྱེ་ནས་དོ་དམ་བྱས་ཏེ། ཉེ་དུས་ལག་བསྟར་བྱེད་ཆོག་པ་དང་། དུས་དཀྱིལ་དུ་གསོག་འཇོག་བྱེད་པ།ཡུན་རིང་རྒྱུན་མཐུད་བྱེད་ཐུབ་པའི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཆགས་པ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བདེ་སྐྱིད་ཆུ་བོ་དང་མཚེའུའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་འདེགས་སྐྱོར་ཡོད་པ་བྱེད་དགོས།
ཏིང་འཛིན་མཚོ་མོས་བསྒྱུར།