མཚོ་སྔོན་གྱིས་ཁྱད་ལྡན་ཚོང་རྟགས་གཅིག་སྡུད་དངཐོན་རྫས་འདེམས་པའི་ཚོགས་འདུ་སྤེལ།
2025.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4བའི་ཚེས9ཉིན།  ཟི་ལིང་གྲོང་ཁྱེར་ཏང་ཨུའི་སྤྱི་ཚོགས་བྱ་བའི་སྡེ་ཁག་དང་ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་ཏང་འཛུགས་ཀྱིས་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་ཕྱིར་འཚོང་པར་ནུས་པ་སྩོལ་བ་དང་། 2025ལོའི་མཚོ་སྔོན་གྱི་ཁྱད་ལྡན་ཚོང་རྟགས་གཅིག་སྡུད་དང་ཐོན་རྫས་འདེམས་པའི་ཚོགས་འདུ་ཟི་ལིང་ཧའེ་ཧུའུ་ཁུལ་མཁར་བྱང་ཆུས་བདུན་པར་སྤེལ། 

བྱེད་སྒོའི་ཡུལ་དངོས་སུ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་གྲགས་ཅན་མཉམ་གཅིག་ཏུ་འཛོམས་ཡོད་པ་དང་། དབྱར་རྩ་དགུན་འབུ་དང་སྐམས་ལུག་ཤའི་ཤ་རིགས་དང་། འཕང་འབྲས་ཀྱི་ཐོན་རྫས།  གླ་སིལ་གྱི་ཐོན་རྫས། འབྲུ་རིགས་ཀྱི་ཐོན་རྫས།  འོ་མའི་ཐོན་རྫས། རྒྱ་སྨན་དང་བོད་སྨན་རིགས་ཀྱི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་གཅིག་བསྡུས་སྒོས་འགྲེམས་སྟོན་བྱས་པ་དང་།  གཅིག་བསྡུས་ངོ་སྤྲོད་བྱེད་པའི་ལས་རིམ་ཁྲོད། ཁེ་ལས་ལྔའི་འཐུས་མིས་ཐོན་ལས་ཀྱི་འཕེལ་ཕྱོགས་དང་། ཚོང་རྟགས་འཛུགས་སྐྲུན།  གློག་རྡུལ་ཚོང་ལས་གཉེར་བ་སོགས་ཀྱི་ཕྱོགས་ནས་ངོ་མཚར་བའི་མཉམ་སྤྱོད་བྱས་པ་མ་ཟད། ད་དུང་ཚོགས་འདུར་ཞུགས་པའི་ཁེ་ལས་དག་ལ་གཏིང་ཟབ་སྒོས་རྣམ་གྲངས་གྲོས་མོལ་དང་འབྲེལ་མཐུད་བྱས་པས། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་རྣམ་པ་མངོན་ཡོད།

ཉེ་བའི་ལོ་འདི་འགར། ཟི་ལིང་གིས་ཚོང་རྟགས་གསོ་སྐྱོང་དང་།  ཚོང་རྟགས་རིམ་སྤོར། སྤུས་ཀ་རིམ་སྤོར། ཁྲོམ་ར་རྒྱ་བསྐྱེད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཟི་ལིང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་ཁྲོམ་ར་དང་ཁྱད་པར་དུ་ཏང་རྩ་འཛུགས་ཡོད་པའི་ཁེ་ལས་ཀྱིས་ཏང་འཛུགས་ཀྱི་ཕྱོགས་བསྡུས་སྣེ་ཁྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ལ། སྔོན་ལ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ཚད་དང་སྙན་གྲགས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་ཁྲོད་མགོ་འབུས་བྱུང་བ་དང་། འཛད་སྤྱོད་པ་མང་པོའི་དགའ་བསུ་ཐོབ།

ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་འགན་འཁུར་བས་བཤད་རྒྱུར།  བྱེད་སྒོ་འདིས་ཏང་འཛུགས་དང་ཐོན་ལས་འཕེལ་རྒྱས་གཏིང་ཟབ་སྒོས་མཉམ་འདྲེས་བྱས་པ་དང་། ཁྱོན་ཡོངས་ནས་ཕྱོགས་སོ་སོའི་ཐོན་ཁུངས་ལེགས་སྒྲིག་བྱས་ལ། ཤུགས་ཆེན་པོས་མཚོ་སྔོན་ཟི་ལིང་གི་ཁེ་ལས་དང་ཚོང་རྟགས་ཤུགས་རྐྱེན་ཐེབས་ཚད་དང་སྐད་གྲགས་ཀྱི་ཚད་མཐོར་འདེགས་གཏོང་བ་དང་། ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རར་འགྲོ་རྒྱུར་སྐུལ་འདེད་བཏང་།

 ཏིང་འཛིན་མཚོ་མོས་བསྒྱུར།