མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་གྱི་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོ་ཡིན་ལ། ཁུལ་དེས་ཕྱོགས་ཡོངས་ནས་ཏང་སྲིད་མགོ་ཁྲིད་ལ་ཙུའུ་ཀྲང་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ། ཁུལ་རིམ་པས་སྤྱི་བར་དོ་དམ་བྱེད་པ་དང་། གྲོང་ཁྱེར་དང་རྗོང་རིམ་པས་དོན་འཁྱོལ་དམ་འཛིན་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་པར་མ་ཟད། གནད་ཁེལ་ཞབས་ཞུ་ལ་བརྟེན་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་སོ་སོར་འགག་སྒྲོལ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ད་ལྟའི་བར་དུ། ཁུལ་ཡོངས་ཀྱིས་སྲིད་དོན་ཁོར་ཡུག་དང་ཁྲོམ་རའི་ཁོར་ཡུག ཁྲིམས་སྐྱོང་ཁོར་ཡུག མི་ཆོས་ཁོར་ཡུག་བཅས་ལེགས་བསྒྱུར་བྱེད་པར་དངོས་གཉེར་བྱེད་ཐབས་ཁག266བཏོན་པ་དང་། “1+N”ཚོང་གཉེར་སྲིད་ཇུས་ཀྱི་མ་ལག་བསྐྲུན་པར་འཚོལ་ཞིབ་བྱས་ཏེ། ཚོང་གཉེར་ཁོར་ཡུག་རིམ་འཕར་ཅན་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་ཚོང་གཉེར་ཁོར་ཡུག་འཛུགས་བསྐྲུན་ལས་དོན་ལ་གཅིག་འདོམས་མཐུན་སྦྱོར་བྱེད་པའི་ནུས་ཤུགས་ཆེ་རུ་བཏང་སྟེ། ཁུལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚོང་གཉེར་ཁོར་ཡུག་འཛུགས་བསྐྲུན་གྱི་ཆེད་གཉེར་ལས་ཁུངས་བཙུགས་ཏེ། ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་སྡེ་ཁག་བར་གྱི་འབྲེལ་འདྲེས་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། དམངས་གཉེར་དཔལ་འབྱོར་གྱི་བདེ་ཐང་འཕེལ་རྒྱས་ལ་ཕྱོགས་ཡོངས་ཞབས་ཞུ་མཁོ་འདོན་བྱས། རྒྱུན་མཐུད་ངང་སྲིད་དོན་ཞབས་ཞུའི་དོ་དམ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ལས་གཞིའི་བཤེར་མཆན་གོ་རིམ་ཕྱོགས་ཡོངས་ནས་ལེགས་བསྒྱུར་དང་། དྲ་ཐོག་གི་སྲིད་དོན་ཞབས་ཞུའི་བསྡུས་གཉེར་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་བ་མ་ཟད། ཁེ་ལས་ལ་སྤུས་ལེགས་དང་སྟབས་བདེ། ལས་ཆོད་ཆེ་བའི་ས་ཚིགས་གཞི་གཅིག་ཅན་གྱི་ཞབས་ཞུའི་ཉམས་ལེན་འདོན་སྤྲོད་བྱེད་པར་ནུས་ཤུགས་གང་ཡོད་བཏོན་ཏེ། སྲིད་དོན་ཞབས་ཞུའི་ཆོག་འཐུས་དོན་ཚན་གྱི92.85%དང་། སྤྱི་བའི་ཞབས་ཞུའི་དོན་ཚན96.58%ཀྱི་དྲ་ཐོག་ནས་སྒྲུབ་ཐུབ་པ་བངོན་འགྱུར་བྱས་ཏེ། 2024ལོའི་ལོ་འཇུག་བར་དུ་ཁོམ་རའི་ཚོང་ཁང་ཁྲི་ལྔ་སྟོང་དགུ་དགུ་བརྒྱ་ལས་བརྒལ་ཡོད།
དེ་དང་ཆབས་ཅིག ཁེ་ལས་ལ་རོགས་རེས་བྱེད་པའི་བྱ་བ་སོ་སོའི་བླང་བྱ་ཧུར་བརྩོན་སྒོས་དོན་འཁྱོལ་བྱས་ཏེ། ཆད་འགྱངས་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་རྩིས་ཐོའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། 2024ལོར་རྩིས་ཐོ་གཙང་སེལ་བྱས་པའི་སྒོར་གྲངས་བྱེ་བ་གཅིག་དང་ས་ཡ་དྲུག་བརྒལ་ཡོད། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་སྐོར་གྱི་ཆེད་དོན་བརྟག་ཞིབ་སྤེལ་ཏེ། མཚོ་ནུབ་ཁུལ་གྱི་དམངས་གཉེར་དཔལ་འབྱོར་གྱི་སྲིད་ཇུས་དོན་འཁྱོལ་དང་། ཁེ་ལས་དོ་དམ། འཇོན་མི་གསོ་སྐྱོང་། མ་དངུལ་འཁོར་རྒྱུག་སོགས་ལ་གནས་བའི་དཀའ་ཁེག་ལ་དམིགས་ཏེ། རིམ་བཞིན་ཇུས་གཞི་འདོན་པ་དང་རིག་ལམ་བསལ་བ། བྱེད་ཐབས་གཏན་ཁེལ་བྱེད་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་ངལ་སེལ་བར་བྱས། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་ཀྱི་སྤྱི་སྟེགས་ལ་བརྟེན་ནས། ཁུལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་ནུས་པ་དང་བྱང་ཚད་མཐོར་འདེགས་བྱེད་པའི་གསོ་སྦྱོང་བྱེད་སྒོ་སྤེལ་བ་དང་། དམངས་གཉེར་ཁེ་ལས་བ་དང་དམངས་གཉེར་དཔལ་འབྱོར་གྱི་ལས་སྒྲུབ་མི་སྣའི་བྱང་ཚད་མཐོར་འདེགས་བཏང་། ཕྱོགས་ཡོངས་ནས་སྲིད་དོན་ཞབས་ཞུ་དང་ཁྲལ་དོན་རྒྱབ་སྐྱོར། དངུལ་གསོག་ཡིད་རྟོན་དངུལ་བུན། རྒྱལ་ཁབ་བར་གྱི་ཉོ་ཚོང་། རྒྱུ་རྐྱེན་བཀོད་སྒྲིག་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།