2025ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ས་ཆ་སྔོ་ལྗང་གཏོང་བའི་རྒྱ་ཁྱོན་མུའུ་ཁྲི་ལྔ་ལས་བརྒལ་བ་ལེགས་འགྲུབ་བྱ་རྒྱའི་འཆར་གཞི་ཡོད།
2025.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས10ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་དང་བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་སྐུལ་འདེད་ཚོགས་ཆེན་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁོངས་ལྗང་སྒྱུར་རྒྱ་ཁྱོན་མུའུ་ས་ཡ་ལྔ་དང་འབུམ་གསུམ་ཁྲི་བརྒྱད་སྟོང་ལྔ་ཉིས་བརྒྱ་དང་།  དེའི་ནང་སྡོང་འཛུགས་བྱས་ཚད་མུའུ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་སྟོང་དགུ་གཉིས་བརྒྱ་ཡོད་ལ། སྤུས་ལེགས་རྩྭ་འདེབས་བྱས་ཚད་མུའུ་ས་ཡ་བཞི་དང་འབུམ་གཅིག་ཁྲི་གཉིས་སྟོང་དྲུག་དང་། བྱེ་འགོག་དང་བྱེ་བཅོས་བྱས་ཚད་མུའུ་ས་ཡ་གསུམ་འབུམ་དགུ་ཁྲི་གཉིས་སྟོང་དགུ་ལེགས་འགྲུབ་བྱ་རྒྱའི་འཆར་གཞི་ཡོད།

ད་ལོར། རྒྱལ་ཁོངས་ཀྱི་ལྗང་སྒྱུར་བྱ་བ་ཚན་རིག་དང་མཐུན་པའི་བཅོས་སྐྱོང་དང་། ཧུར་བརྩོན་གཏན་འཇགས།  སྟོབས་ཤུགས་གཅིག་སྒྲིལ། སྔོན་བརྩོན་བྱེད་ཕོད་པའི་སྤྱིའི་བླང་བྱ་ལྟར། རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་དང་སྤུས་ཚད་གཙོ་བོར་བཟུང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྗོང་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དཔེ་སྟོན་མ་དཔེ་གཙོ་བོར་བཟུང་ནས། གུང་ཧོ་གཤོངས་ས་དང་།  ཚ་འདམ་གཤོངས་སའི་འགག་སྒྲོལ་ལ་ཕན་འབྲས་ཐོབ་པར་སྐུལ་ཁྲིད་མཐོར་འདེགས་བྱས་ནས།  འབད་བརྩོན་བྱས་ཏེ་ལོ་གསུམ་སྔོན་ལ་འགག་སྒྲོལ་འགུལ་སྐྱོད་སྤེལ་བའི་བཅོས་སྐྱོང་འགན་འཁྲི་ལེགས་འགྲུབ་བྱས།

ཀྲུང་དབྱང་གིས་གཅིག་འདོམས་དང་། ཞིང་ཆེན་གྱིས་གཙོ་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དངོས་འབེབས་བྱེད་པའི་བྱ་བའི་རྐྱེན་སྲོལ་རེ་བ་ལྟར། ཁྱོན་ཡོངས་དང་རིམ་པ་སོ་སོའི་འགན་འཁུར་དོན་འཁྱོལ་བྱེད་པ་དང་། ཚན་རིག་ལྟར་བཅོས་སྐྱོང་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་བ།  བྱང་གསུམ་བཟོ་སྐྲུན་སྐབས་དྲུག་པའི་འཆར་འགོད་དང་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས། མ་ལག་བཅོས་སྐྱོང་དང་ཚན་རིག་དང་མཐུན་པའི་བཅོས་སྐྱོང་གི་རེ་བ་ཕྱོགས་ཡོངས་ནས་ལག་ལེན་བྱ་ཆེད། ཆུ་བོ་དྭངས་གསལ་དུ་བསྒྱུར་བ་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོབ་དང་སླར་གསོ་མཉམ་དུ་གཙོ་བོར་འཛིན་པ་དང་། བྱེ་བཅོས་དང་ཆུ་བཅོས། རི་བཅོས་བཅས་མཉམ་སྒྲུབ་བྱེད་དགོས།

ཏིང་འཛིན་མཚོ་མོ།