ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་ཁོངས་གཏོགས་ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་ཡང་བསྐྱར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་།
2025.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚོང་ཚོགས་ནི་ཏང་དང་དམངས་གཉེར་དཔལ་འབྱོར་མི་སྣའི་བར་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུ་ཡིན་པའི་ངོས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད།  ཟླ4ཚེས3ཉིན། གསར་འགོད་པས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་མཚོ་སྔོན་གྱིས་དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་དང་སྤྱོད་གཙང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྲུན་ལྷན་ཚོགས་དེ་ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་གཙོ་གནད་ལས་འགན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་ཀྱིནཡོད། ན་ནིང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཚོང་ཚོགས་དང་དམངས་གཉེར་ཁེ་ལས་སུ་ཁྱབ་གདལ་དུ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། “དམངས་གཉེར་ཁེ་ལས་པའི་འཆད་འཁྲིད་ཆེན་མོ”སོགས་དྲིལ་བསྒྲགས་ཚོགས་འདུ་དང་སྙན་ཞུའི་ཚོགས་འདུ་ཐེངས་མང་འཚོགས་པ་དང་།    ཚོང་ཚོགས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ནས་དམར་པོའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་སློབ་སྦྱོང་བྱས་ཏེ།    《ཚོང་ཚོགས་ཏང་ཡོན་གྱི་རྒྱུན་ལྡན་སློབ་གསོའི་འཆར་གཞི》དང“ཚོགས་གསུམ་ཁྲིད་གཅིག”དོན་འཁྱོལ་ནན་མོ་བྱས་ནས།    ཚོང་ཚོགས་ཀྱིས་མཐའ་གཅིག་ཏུ“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་ལག་བསྟར་བྱེད་པར་སློབ་གསོ་དང་སྐུལ་ཁྲིད་བྱས།

བྱ་བའི་རྐྱེན་སྲོལ་ཐད།    ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྲུན་བྱ་བའི་ལོ་བཞིའི་འཆར་འགོད》གཅིག་གྱུར་དུ་བཟུང་སྟེ།    《དུས་རབས་གསར་པའི་ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་ལག་བསྟར་བསམ་འཆར》སྤེལ་བ་རྨང་གཞིར་བྱས་ནས།  ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་གྱི“ནུས་པ་མཐོར་གཏོང་ལོའི”བྱ་སྤྱོད་ལག་བསྟར་བྱས་པ་དང་།    《ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་དཔྱད་ཞིབ་ཞིབ་སྲོལ》ཞིབ་ཕྲ་དང་འཐུས་ཚང་དུ་བཏང་བ་དང་།   《ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ཕྱོགས་སྟོན》སོགས་ ཡིག་ཆ་རབ་དང་རིམ་པ་པར་འགྲེམས་བྱས།     དེ་དང་ཆབས་ཅིག  ཏང་ཙུའུ་ཡིས་འགན་འཁྲི་གཙོ་བོ་དང་། ཏང་ཨུས་འགན་འཁྲི་དང་པོ། སྡེ་ཁག་གིས་མཐུན་སྦྱོར་འགན་འཁྲི།    ཏང་རྩ་འཛུགས་ཀྱིས་ཞིབ་ཕྲའི་འགན་འཁྲི་བཅས་འཁུར་བར“ཤུགས་སྣོན་བཞིའི”རྣམ་པ་བཙུགས་པ་དང་། དེ་མིན་ཚོང་ཚོགས་ཀྱི་ཏང་ཨུ་དང་ཏང་ཀྲི་པུའུ། ཏང་གི་ཚན་ཆུང་།    ཏང་ཡོན་བཅས་ཀྱི“རིམ་པ་བཞིའི་དོ་དམ”དྲ་བ་བཙུགས་ནས། ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་བྱ་བ་སྔར་ལས་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་བཏང་ཡོད།

ཏང་རྩ་འཛུགས་འཛུགས་སྐྲུན་ཐད་ན་ནིང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོང་ཚོགས་རིགས10དང་རྒྱལ་ཁོངས་ཕྱིའི་ནེ་པ་ལ་རུ་མཚོ་སྔོན་ཚོང་ཚོགས1གསར་དུ་བཙུགས།   ཁྲོམ་རའི་ཚོང་ཚོགས་དང་ཡུལ་ཚོ་དང་གྲོང་རྡལ་གྱི་ཚོང་ཚོགས་ལ་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་།  ལོ་ཧྲིལ་པོར་ཏང་ཡོན47དང་གྲ་སྒྲིག་ཏང་ཡོན50ཏང་ཡོན་དངོས་མར་བསྒྱུར་ནས། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཚོང་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི“ཕྱོགས་གཉིས་སུ་ཞུགས་པ་དང་སྣོལ་སྡེབ་འགན་འཁྲི་འཁུར་བར”སྐུལ་འདེད་བཏང་བ་དང་། ཚོང་ཚོགས་ཀྱི་ཚོགས་གཙོ་སྐོར་ཞིག་དང་ཧྲུའུ་ཅི་ཡིས་འགན་ཁུར་བ་མངོན་འགྱུར་བྱུང་བ་དང་། ཏང་གིས་ཚོང་ཚོགས་དོ་དམ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།  གླེང་རིན་ཡོད་པ་ཞིག་ནི་ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ཐད་ད་དུང་སྔོན་ཐོན་གྱི་དཔེ་མཚོན་ཁག་གཅིག་ཡོད་དེ་དཔེར་ན། ཀྲེ་ཅང་ཚོང་ཚོགས་ཏང་ཨུ་ཡིས“གློག་སྒྲོན་བཞི”ཡིས་ཚོང་ཚོགས་ཀྱི་ཟུར་ཚང་མར་འོད་འཕྲོ་རུ་བཅུག་ཡོད་པ་དང་།    མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བྱེ་བ་བདུན་ས་ཡ་གཅིག་ཡོང་བར་སྐུལ་འདེད་བཏང་བ་དང་།    མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི395དོན་འཁྱོལ་བྱས།     ཅང་སུའུ་ཚོང་ཚོགས་ཀྱིས“ནང་ཁུལ་དུ་སྟེགས་བུ་འཛུགས་པ་དང་ཕྱི་ཕྱོགས་སུ་འབྲེལ་བ་འཛུགས་པའི”ཐོག་ནས་མཚོ་སྔོན་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་ཡུལ་སྐོར་ཐོན་ཁུངས་ཧུར་ཐག་གིས་ཁྱབ་གདལ་དུ་བཏང་། ཧྥུ་ཅན་ཚོང་ཚོགས་ཀྱིས“ཧྥུ་ཅན་དང་མཚོ་སྔོན་ཁྱིམ་ཚང་གཅིག་ཡིན་པའི”འདུ་ཤེས་ལ་བརྟེན་ནས། “ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི”བྱེད་སྒོར་ཧུར་ཐག་གིས་ཞུགས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཡོད།

ད་ལོ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་དང་སྤྱོད་གཙང་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རེད། ཆབ་སྲིད་འཛུགས་སྐྲུན་ཐད་ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དེ་རྩ་བ་ནས་བསྒྱུར་བ་མ་ཟད། ཚོང་ཚོགས་ཀྱི་ཏང་འཛུགས་སྐྲུན་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ་དང་ཁྱོན་ཡོངས་ནས་ཇེ་བཟང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློའི་འཛུགས་སྐྲུན་ཐད་ཚོང་ཚོགས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སློབ་གསོ་སློབ་སྦྱོང་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཟུང་འབྲེལ་དམ་ཟབ་བྱས་ཏེ། བྱ་བའི་སྤྱོད་ཚུལ་བསྒྱུར་རྒྱུར་འབད་བརྩོན་བྱས་ཡོད། རྩ་འཛུགས་འཛུགས་སྐྲུན་ཐད་ཚོང་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་སྲིད་བྱ་བ་སྒྲུབ་མཁན། ཏང་ཡོན་དཔུང་ཁག་འཛུགས་སྐྲུན་བཅས་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་པ་དང་།    “ཚོང་ཚོགས་ཀྱི་ཧྲུའུ་ཅིའི་ལས་སྒྲུབ་ཁང”དང“ཚོགས་མིའི་ཏང་འཛུགས་སྐྲུན་བྱ་བའི་ས་ཚིགས”འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།“ཆབ་སྲིད་ལ་མཐོང་ཆེན་དང་།    ཁྲིམས་སྲོལ་ཤེས་པ།    ཏང་འཛུགས་སྐྲུན་བྱེད་ཤེས་པ།    དོན་འཁྱོལ་བྱེད་ཐུབ་པའི”ཏང་འཛུགས་སྐྲུན་གྱི་དཔུང་ཁག་ཅིག་ཧུར་ཐག་གིས་བསྐྲུན་དགོས།

ཤ་བོ་རིན་མཚོས་བསྒྱུར།