མཚོ་བྱང་ཁུལ་གྱི་མང་ཚོགས་ཁྲི་གསུམ་དང་སྟོང་བརྒྱད་ཀྱི་སྨན་བཅོས་འགན་སྲུང་དངུལ་རང་གྲོན་རང་གཏོང་བྱེད་མི་དགོས་པར་བྱས།
2025.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

2025ལོའི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་བྱ་བ་སྤེལ་བའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་གསར་གཏོད་བེད་སྤྱོད་བྱས་ནས་སྨན་བཅོས་འགན་སྲུང་གི་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱས་པ་དང་། མངའ་ཁོངས་ནང་གི་སྲིད་འཛིན་སྡེ་བ32གྱིས་བསྡོམས་པས་ཆེད་དོན་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་བརྒྱད་སྟོང་གཉིས་ལྔ་བརྒྱ་བཏང་སྟེ། འགན་སྲུང་ནང་ཞུགས་པའི་མང་ཚོགས38795ལ་འགན་སྲུང་དངུལ་གྱི་ཁ་གསབ་འདོན་སྤྲོད་བྱས། དམངས་ཕན་བྱེད་ཐབས་དེས་སྨན་བཅོས་འགན་སྲུང་གི་ཁེབས་ཚད་ནུས་ལྡན་ངང་ཇེ་མཐོར་བཏང་བ་མ་ཟད། སྡེ་བས་མ་དངུལ་ཚབ་སྤྲོད་བྱེད་པའི་གསར་གཏོད་མ་དཔེ་བརྒྱུད་དེ། འབྲོག་མང་ཚོགས་ཀྱིས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐད་ནས་ཁྱེར་ཡོང་བའི་དམངས་ཚིས་ཁེ་སྤོགས་དངོས་སུ་མྱོང་ཚོར་བྱེད་ཐུབ་པ་བྱས་ལ། སྡེ་བ་རིམ་པའི་དཔལ་འབྱོར་གོང་འཕེལ་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཆེ་མཐོར་གཏོང་བ་མངོན་འགྱུར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུགཏོང་བའི་ཞོར་དུ། བགོ་བཤའ་དང་བསྡུ་གསོག་མཉམ་འཛིན་བྱེད་པ་དང་། ཞབས་ཞུ་དང་འཕེལ་རྒྱས་མཉམ་སྒྲུབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། ལྡོག་གསོའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་དམངས་ཚིས་བདེ་སྐྱིད་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་བཀོལ་སྤྱོད་བྱས་ནས། སྔར་ལས་ཀུན་ཕན་གྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་སྔར་ལས་མང་པོས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱེད་ཐུབ་པར་བྱས་པ་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་རྒྱུན་མ་ཆད་པར་ཇེ་མཐོར་བཏང་།

དེ་དང་མཉམ་དུ། མཚོ་བྱང་ཁུལ་གྱིས2025ལོའི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དངུལ་སྤྲོད་པའི་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། གཞི་རིམ་སྨན་བཅོས་འགན་སྲུང་གི་སྒྲུབ་གཉེར་མི་སྣའི་སྤྱི་ཁོག་གི་ལས་སྒོའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་བ་དང་། གཅིག་སྣོནNགྱི་སྐད་འཕྲིན་ལས་སྒོའི་མཛུབ་སྟོན་སྟར་སྒྲིག་གི་རིག་སྟོབས་ཞབས་ཞུའི་ལས་ཆོད་འདོན་སྤེལ་བྱས་ལ། ཁུལ་དང་རྫོང་གི་སྨན་བཅོས་འགན་སྲུང་སྡེ་ཁག་གི་ཉིན་དཀར་བཀོད་གཏོང་གི་རྗེས་འདེད་འབྲས་བརྩོན་རྐྱེན་སྲོལ་བཙུགས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ཆ་འཕྲིན་ཤད་གསེད་བྱས་པ་མ་ཟད། གནས་གཏད་གནས་ཀྱི་སྒོ་ནས་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ལ་ཡར་ཞུ་བྱས། ཁ་པར་བརྒྱུད་དེ་སྲིད་ཇུས་སྒྲོག་པ་དང་། གནས་གཏད་གནས་ཀྱིས་ཁྱིམ་ཚང་དུ་སོང་ནས་སྐུལ་སློང་བྱེད་པ། ཁ་གཏད་དེ་ལག་བསྟར་ཐད་མཛུབ་སྟོན་བྱེད་པའི་རྣམ་པ་བརྒྱུད་དེ། མང་ཚོགས་ཀྱིས་ཡུལ་དངོས་ནས་སྨན་བཅོས་འགན་སྲུང་དངུལ་སྤྲོད་པར་རོགས་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་སྤྲོད་དགོས་པ་ཚང་མ་སྤྲོད་པར་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།