མཚོ་སྔོན་གྱིས“ཕྱོགས་བཞི་གཞི་གཅིག”གི་སྨན་བཅོས་འགན་སྲུང་གཏོང་སྤྲོད་ཐོབ་ཐང་དོ་དམ་མ་ལག་བཙུགས།
2025.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྨན་བཅོས་འགན་སྲུང་གི་ཐེབས་རྩ་དོ་དམ་གྱི་འབུར་ཐོན་གནད་དོན་ཆེད་དམིགས་བཅོས་སྒྲིག་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྨན་བཅོས་འགན་སྲུང་གི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ལ་མཉམ་འབྲེལ་བྱས་ཏེ་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣའི་སྨན་བཅོས་འགན་སྲུང་གཏོང་སྤྲོད་ཐོབ་ཐང་དོ་དམ་ལག་བསྟར་ཞིབ་སྲོལ་བཏོན་ནས། ནུས་ཤུགས་ཡོད་རྒུས“ཕྱོགས་བཞི་གཞི་གཅིག”གི་ལྟ་སྐུལ་དོ་དམ་མ་ལག་བཙུགས་པ་དང་།    ལྟ་སྐུལ་དོ་དམ་བྱ་ཡུལ་དེ་ལས་ཁུངས་ནས་མི་སྒེར་བར་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་ཡོད།

“ཁ་ལོ་བའི་ལག་ཁྱེར་རྣམ་པའི”སྐར་གྲངས་དོ་དམ་ལག་བསྟར་བྱས། “ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་འཐེན་པའི”རྣམ་པ་དཔྱད་གཞིར་བཟུང་ནས། གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་མཁན་གྱིས་ཁྲིམས་འགལ་ངང་སྨན་བཅོས་འགན་སྲུང་ཐེབས་རྩ་སྤྱོད་པའི་སྐར་གྲངས་ཐོ་འགོད་དོ་དམ་བྱེད་དགོས།     སྐར་གྲངས་ཐོ་འགོད་ཀྱི་ཆ་རྐྱེན་གསལ་བོ་བྱས་ཡོད་པ་དང་འགན་འཁྲི་གནད་ལ་འཁེལ་བའི་དབྱེ་འབྱེད་བྱེད་པ། བྱ་སྤྱོད་ཀྱི་ངོ་བོ་དང་འགན་འཁྲིའི་ཚད་ལྟར་སྐར་གྲངས་ཐོ་འགོད་བྱེད་པ།   “མི་གཅིག་ལ་ཡིག་ཚགས་གཅིག”གི་དོ་དམ་བཅས་ལག་བསྟར་བྱས་ཏེ།    ཚེ་གང་གི་ཐོབ་ཐང་ ཚབ་རྟགས་སུ་འགྱུར་བར་བྱེད་པ་དང་།    སྒྲིག་འགལ་བྱ་སྤྱོད་ཟིན་ཐོར་བཀོད་དེ་ས་ཁོངས་ལས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད་བྱས་ནས། སྒྲིག་སྲོལ་ལ་འགལ་མཁན་གྱིས་ས་གནས་གཞན་དུ་ཡང་བསྐྱར་ལས་གཉེར་བྱེད་པ་སྔོན་འགོག་བྱ་དགོས།

“རིམ་འཕེལ་རྣམ་པའི”ཆད་གཅོད་ལམ་ལུགས་འཛུགས་དགོས།     སྐར་མ་ཐོ་འགོད་བྱས་པའི་གནས་ཚུལ་ལ་གཞིགས་ནས་དུས་བཅད་གྲོས་མོལ་དང་། ཁྱབ་བསྒྲགས། གཏོང་སྤྲོད་ཐོབ་ཐང་གནས་སྐབས་སུ་མཚམས་འཇོག་པ། གཏོང་སྤྲོད་ཐོབ་ཐང་མཚམས་འཇོག་པ་སོགས་རིམ་འཕེལ་རྣམ་པའི་ཆད་གཅོད་བྱེད་ཐབས་སྤྱོད་དགོས། ལོ་འཁོར་གཅིག་གི་ནང་སྐར་གྲངས6ནས8བར་ཟིན་འགོད་བྱས་ཚེ། གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱིས་གླེང་མོལ་དང་དྲན་སྐུལ་བྱས་ཏེ་སློབ་སྦྱོང་གསོ་སྦྱོང་རྩ་འཛུགས་བྱ་དགོས། སྐར་གྲངས 9ནས11བར་ཡིན་ན། དུས་བཅད་གྲོས་མོལ་བྱས་ཏེ་གཏོང་སྤྲོད་ཀྱི་ཐོབ་ཐང་ཟླ3ནས5བར་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་ཉེན་བརྡ་གཏོང་དགོས། སྐར12ལ་སླེབས་ཚེ་གཏོང་སྤྲོད་ཀྱི་ཐོབ་ཐང་མཚམས་འཇོག་པ་དང་། རིམ་རྩིས་ཀྱི་སྐར་གྲངས12ལ་སླེབས་ཚེ་ལོ་གཅིག་གི་ནང་ཡང་བསྐྱར་ཐོ་འགོད་སྙན་ཞུ་བྱས་མི་ཆོག ཐེངས་གཅིག་གི་སྐར12ལ་སླེབས་ཚེ་ལོ་གསུམ་གྱི་ནང་ཡང་བསྐྱར་ཐོ་འགོད་སྙན་ཞུ་བྱས་མི་ཆོག འབྲེལ་ཡོད་མི་སྣས་རང་གཅུན་ནན་མོ་བྱེད་དགོས་པ་དང་། སྨན་བཅོས་འགན་སྲུང་ཐེབས་རྩ་དང་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་འབྱུང་ཁུངས་ནས་ཇེ་ཉུང་དུ་གཏོང་དགོས་པའི་ཁྲིད་སྟོན་བྱེད་དགོས།

“སྐུལ་སློང་རྣམ་པའི”སླར་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།     འབྲེལ་ཡོད་མི་སྣས་སློབ་སྦྱོང་གསོ་སྦྱོང་དང་། སྨན་བཅོས་འགན་སྲུང་སྲིད་ཇུས་དྲིལ་བསྒྲགས་བྱེད་སྒོའི་ནང་ཞུགས་པ།  ཞིབ་བཤེར་ནན་མོ་བྱེད་པ།    ཆེད་དམིགས་ཞིབ་བཤེར་སོགས་སྐར་གྲངས་ཐོ་འགོད་སླར་གསོ་བྱ་དགོས། རང་འགུལ་གྱིས་སྒྲིག་འགལ་བྱ་སྤྱོད་དང་ཤུགས་རྐྱེན་ངན་པ་མེད་པར་བཟོ་བའི་སྐར་གྲངས་ཐོ་འགོད་མི་བྱེད་པའི་རེ་ཞུ་བྱས་ཆོག་པ་དང་། སློབ་སྦྱོང་གསོ་སྦྱོང་བྱས་ནས་ཚད་ངེས་ཅན་ཞིག་ལ་སླེབས་རྗེས་སྐར་གྲངས1མེད་པར་བྱས་ཆོག  སྨན་བཅོས་འགན་སྲུང་བྱེད་སྒོར་ཞུགས་ན་ཐེངས་རེར་སྐར་གཅིག་མེད་པར་བྱས་ཆོག སྐར3མེད་པར་བྱས་ཏེ་གནས་སྐབས་མཚམས་འཇོག་པའམ་ཡང་ན་མཚམས་འཇོག་པའི་དུས་ཚད་ཟླ 1ཇེ་ཐུང་དུ་བཏང་ཆོག་ལ། ཐེངས་གཅིག་ལ་སྐར12ཟིན་ན་ཁས་ལེན་དུས་ཡུན་ནང་སླར་གསོ་མི་བྱེད་པས།    ཆད་གཅོད་སྒྲིག་འགལ་ལ་བཅོས་སྒྱུར་གྱི་གོ་སྐབས་སྟེར་དགོས།

“སིམ་འཛུལ་རྣམ་པའི”དྲིལ་བསྒྲགས་གསོ་སྦྱོང་སྤེལ་དགོས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་གཅིག་བསྡུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།    གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་སུ་བསྐྱོད་ནས། “ཁྲིམས་ཀྱི་གནས་ལུགས་དང་དོན་གྱི་གནས་ལུགས། བརྩེ་བའི་གནས་ལུགས་བཅས་གསལ་པོ་བཤད་པ་རྒྱུན་འཁྱོངས་བྱས་ཏེ།    ལག་བསྟར་ཞིབ་སྲོལ་ལ་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་།    གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་ཁྲིམས་སྲོལ་དང་ལས་སྒོའི་ཤེས་བྱ་གསོ་སྦྱོང་རྩ་འཛུགས་བྱས་ནས། དྲ་ཐོག་དང་ཡུལ་དངོས་ནས་གཏོང་སྤྲོད་ཐོབ་ཐང་དོ་དམ་ལམ་ལུགས་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་དགོས་པ་དང་། སྨན་བཅོས་འགན་སྲུང་ཐེབས་རྩའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་འབྱུང་ཁུངས་ནས་སྔོན་འགོག་བྱས་ཏེ། སྨན་བཅོས་འགན་སྲུང་གི་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱ་དགོས།

ཤ་བོ་རིན་མཚོས་བསྒྱུར།