རྒྱལ་ཡོངས་ཀྱི་དཔྱིད་འདེབས་འབྲུ་རིགས་མུའུ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ལས་བརྒལ།
2025.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མིག་སྔར་རང་རྒྱལ་གྱི་དཔྱིད་འདེབས་ལས་དོན་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། ཞིང་ལས་གྲོང་གསེབ་པུའུ་ཡིས་ཟླ4པའི་ཚེས11ཉིན་ཞིང་ལས་གནས་ཚུལ་བཀོད་གཏོང་བྱས་པ་ལས་མངོན་པ་ལྟར་ན། རྒྱལ་ཡོངས་སུ་དཔྱིད་འདེབས་བྱས་ཚར་བའི་འབྲུ་རིགས་ཀྱིས་མུའུ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ལྷག་ཟིན་ཡོད་པ་དང་། འདོད་མོས་རྒྱ་ཁྱོན་གྱི་11.7%ཡོངས་འགྲུབ་བྱས་ཡོད་ཅིང་། མྱུར་ཚད་དེ་ལོ་གོང་མ་དང་བསྡུར་ན་གཞི་རྩའི་ཆ་ནས་འདྲ་མཚུངས་རེད།

ས་ཁུལ་དགར་ནས་བལྟས་ན། ཧྭ་ནན་བཅུ་ཆ་བདུན་ལས་བརྒལ་བ་དང་། ལྷོ་ནུབ་དང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་བཅུ་ཆ་གཉིས་ལས་བརྒལ་ཡོད་ལ། ནུབ་བྱང་བཅུ་ཆ་གཅིག་ལས་བརྒལ་ཡོད་ཅིང་། བྱང་ཤར་དུ་ལྗང་འདེབས་དང་འདེབས་འཛུགས་བྱེད་འགོ་བརྩམས་ཡོད། ལོ་ཏོག་གི་རིགས་དགར་ནས་བལྟས་ན། སྔ་འདེབས་ཆུ་འབྲས་ཀྱིས་་བརྒྱ་ཆ་བརྒྱད་ཟིན་ཡོད་པ་དང་། སློག་འཛུགས་གིས་བརྒྱ་ཆའི་བཞི་ཟིན་ཡོད་ལ། ཆུ་འབྲས་འབྲིང་མའི་འདེབས་འཛུགས་ཀྱིས་བརྒྱ་ཆའི་གཉིས་ཟིན་ཡོད། དེ་མིན་ད་དུང་དཔྱིད་འདེབས་ཞོག་ཁོག་འདེབས་འཛུགས་ཀྱིས་ཕྱེད་ཀ་ལྷག་ཟིན་པ་དང་དཔྱིད་འདེབས་གྲོ་ཡིས་བཅུ་ཆའི་་གསུམ་ཟིན་ཡོད་ལ། དཔྱིད་འདེབས་མ་རྨོས་ལོ་ཏོག་གིས་བཅུ་ཆའི་གཅིག་ཙམ་ཟིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།