ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་།
2025.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4ཚེས10ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནོར་ནག་ཚད་ལྡན་ཅན་གསོ་སྤེལ་ཕྱོགས་བསྡུས་དཔེ་སྟོན་རྟེན་གཞི་རུ། ལས་དོན་མི་སྣས་ཕྱུགས་ར་ལ་ལྟ་ཞིབ་དང་གཟན་ཆས་ཁ་གསབ་བྱས།  ཡུས་ཧྲུའུ་གྲོང་ཁྱེར་འབྲོམ་མདའ་ཡུལ་ཚོ་འདན་མདའ་སྡེ་བ་རུ་ས་ཞིང་མང་པོ་ཞིག་གསར་དུ་བསྒྱུར་ནས་ཞིང་འབྲོག་པས་ཞིང་ནང་དུ་གོ་རིམ་ལྡན་པའི་སྒོ་ནས་ལུད་རྒྱག་བཞིན་ཡོད། ད་ལོའི་ཚུན་དུ། ཡུས་ཧྲུའུ་ཁུལ་གྱིས་སྣོད་བཅུད་ཞིང་འབྲོག་ལས་ཀྱི་ལོ་གསུམ་གྱི་འགུལ་སྤྱོད་འཆར་གཞི་དང“ལས་གྲྭ་ཆེན་པོ་བཅུ་གཅིག”གཏན་འཁེལ་བྱས་ཏེ“རྨང་གཞི་གཅིག་དང་འདེགས་སྐྱོར་གསུམ”ལེགས་པོ་དང་སྟོབས་ཆེར་བཏང་བས། སྐྱེ་ཁམས་ཞིང་འབྲོག་ལས་ཀྱི་འཕེལ་ཕྱོགས་སྟོབས་ལྡན་དུ་བསྒྱུར།

ཡུས་ཧྲུའུ་ཁུལ་གྱིས་འདེབས་འཛུགས་དམིགས་ཚད་ཞང་དང་གྲོང་རྡལ་དུ་དབྱེ་འབྱེད་བྱས་ནས་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་གྲུབ་ཆ་ཇེ་ལེགས་སུ་བཏང་སྟེ། ཞིང་འདེབས་འཕྲུལ་ཆས་ཅན་གྱི་དགོས་མཁོ་འགན་ལེན་བྱས་ཏེ་ཞིང་ལས་ཐོན་སྐྱེད་ལག་རྩལ་མཛུབ་ཁྲིད་ལས་དོན་ཚོགས་ཆུང་བཙུགས་ནས། ས་གནས་གཏན་འཁེལ་བྱས་ཏེ་རོགས་སྐྱོར་བྱེད་པ་དང་།  “ཆེད་མཁས་པ་དང་ཞིང་བའི་ཁྱིམ་ཚང་། དཔེ་སྟོན་རྟེན་གཞི”བཅས་ཀྱི་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ ། རྨོ་ཞིང་སྤྱི་འབོར་དོ་དམ་ཚོད་འཛིན་དང“ཁ་གསབ་ལ་བརྟེན་ནས་བཟུང་བ་གཏན་འཁེལ་”བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རྨོ་ཞིང་སྤྱི་ཆིང15746.67ཉར་ཚད་དང་སྤྱི་ཆིང8700ཡི་ཡུན་རིང་གཞི་རྩའི་ཞིང་ས་སྲུང་སྐྱོང་དམར་ཐིག་བརྟན་སྲུང་བྱས་ཏེ།ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།  ཕྱུགས་རིགས་ལྷས་ར་ནས་ཐོན་པ་དང་། ལུ་གུ་ཁ་བཀར་ནས་གསོ་བ། སྒོ་ཕྱུགས་ལ་མིས་བཟོས་མངལ་ཆགས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་བ། གཟན་རྩྭ་དང་རྒྱུ་ཆ་སྐྱེལ་འདྲེན། རྒྱུད་བཟང་གསོ་སྤེལ། དཔྱིད་དུས་རིམས་ནད་ཚོད་འཛིན། སྐྱེ་ཁམས་ཞིང་འབྲོག་ལས་རིགས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བསྒྱུར་བཀོད་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཞིང་འབྲོག་ཐོན་ལས་ཀྱི་རྨང་གཞི་མུ་མཐུད་ཇེ་ལེགས་སུ་བཏང་ལ། དུས་ཚིགས་དང་པོའི་བར་ཡུས་ཧྲུའུ་ཁུལ་གྱིས་ཕྱུགས་རིགས་བསྡོམས་འབོར་ཁྲི146.67ཟིན་པ་དང་། གསོ་ཁ་ནས་བུད་པའི་ཕྱུགས་རིགས་དང་ལུག་གི་ཁ་གྲངས་དེ་ཁྲི4.96ཟིན་ཡོད།

དེ་དང་ཆབས་ཅིག《ཡུས་ཧྲུའུ་ཁུལ་གྱི2025ལོའི་རྩྭ་སའི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི》བཟོས་པ་དང་། ཡུས་ཧྲུའུ་རྒྱུད་བཟང་ཕྱུགས་རིགས་ཁྱབ་གདལ་རྟེན་གཞི་བསྐྲུན་རྒྱུའི་རེ་ཞུ་བྱས། “འབྱུང་ཁུངས་རྗེས་འདེད་དང་། རིམས་འགོག་བྱ་བ། འགན་བཅོལ་མཉམ་འགུལ་གཞི་གཅིག་ཅན”གྱི་རྣམ་གྲངས་ལག་བསྟར་བྱས་ཏེ་ཡུས་ཧྲུའུ་ཁུལ་གྱི་ནོར་ནག་དང་བོད་ལུག་གསོ་སྤེལ་གྱི་འབྲེལ་ཐག་ཧྲིལ་པོར་ཁྱབ་པའི་གྲངས་གཞི་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་བཙུགས།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།