ཟླ4བའི་ཚེས9ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གྲོང་ཁྱེར་སྡོད་དམངས་ཞབས་ཞུའི་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། ལྟེ་གནས་དེས་བདེ་བླག་ངངDeepSeekམ་ལག་གི་ཡང་བའི་རིམ་པའི་གསར་གཏོད་རང་བཞིན་ལ་བརྟེན་ནསAIསྐད་བརྡའི་སྤེལ་རེས་བྱེད་ནུས་ལེགས་འགྲུབ་བྱས་ཏེ། སྲིད་གཞུང་གི་ཞབས་ཞུའི་རྣམ་པ་ཆེས་ཆེར་ཇེ་ལེགས་སུ་བཏང་།
སྤུས་ཚད་མཐོ་བའི་སྒོ་ནས་དོན་དག་གཅིག་ལེགས་པར་སྒྲུབ་པར་སྐུལ་འདེད་བཏང་བ་དང་། རྣམ་པ་གསར་གཏོད་དང་། བརྒྱུད་རིམ་བསྐྱར་བཟོ་དང་། གྲངས་ཀའི་ནུས་སྤྲོད་ཤུགས་ཚད་ཇེ་ཆེར་བཏང་སྟེ། རྫོང་ཡོངས་ཀྱི་གྲངས་ཀའི་ཆབ་སྲིད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། གུང་ཧོ་རྫོང་གིས2024ལོའི་ཟླ12པའི་ཚེས31ཉིན་གྲོང་ཁྱེར་སྡོད་དམངས་ཀྱི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱས་ལ། གཅིག་གྱུར་ཅན་གྱི་གྲངས་ཀའི་རྨང་གཞི་ཆགས་པར་བྱེད་པ་དང་། ཚོགས་གཞིའི་གཞི་གྲངས་ལྟེ་བ་འཛུགས་སྐྲུན་དང་། བྱ་བའི་ལྟེ་བ་འཛུགས་སྐྲུན། ནུས་པའི་ལྟེ་བའི་གཞི་གཅིག་ཅན་གྱི་གྲོང་ཁྱེར་གྱི་རིག་ནུས་ལྟེ་བའི་རབས་གསར་བ་དང་། ཕྱོགས་བསྡུས་མཉམ་བསྐྲུན་གྱི་གྲངས་ཀའི་རྨང་གཞིའི་སྒྲིག་བཀོད་ཆགས་པ་བྱེད་དགོས། རྫོང་ཡོངས་ཀྱི་གྲངས་ཀ་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དྲ་རྒྱར་རྨང་གཞི་བརྟན་པོ་བཏང་། ལྟེ་གནས་ཀྱི་ཤོངས་ཚད་ལ་སྒེའུ་ཁུང300ཡོད་པ་དང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་རིམ་པ་གཉིས་པའི་སྲིད་གཞུང་ཆོག་འཐུས་ལས་ཁུངས་ཚང་མ་བསྡད་ཆོག
གུང་ཧོ་རྫོང་གི་གཞི་གྲངས་ཅུའུ་ཡི་ཅུའུ་ཀྲང་ཚའེ་ཝུན་ཆིན་གྱིས་བཤད་རྒྱུར། DeepSeekམ་ལག་གི་ས་གནས་ཅན་གྱི་བཀོད་སྒྲིག་ནི་གུང་ཧོ་རྫོང་གྲོང་ཁྱེར་སྡོད་དམངས་ལྟེ་གནས་ཀྱིས་སྲིད་གཞུང་གི་ཞབས་ཞུའི་རིག་ནུས་ཅན་གྱི་བགྲོད་ལམ་འཛུགས་སྐྲུན་སྟེང་ལམ་ཚད་རྡོ་རིང་ལྟ་བུ་གལ་ཆེན་ཞིག་ཡིན། ལྟེ་གནས་ཀྱིས་བེད་སྤྱོད་རྣམ་པ་རྒྱ་བསྐྱེད་བཏང་ནས། ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཕྱོགས་སོ་སོའི་ཕྱིར་སྐྱེལ་དགེ་མཚན་ལྡན་པའི་སྒོ་ནས་བསྡུ་རུབ་བྱས་པ་མ་ཟད་མུ་མཐུད་དུ་བཅོས་སྒྱུར་བྱས་ནས། གུང་ཧོ་སྲིད་གཞུང་གི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པར་གཞི་གྲངས་གྱི་རྒྱབ་སྐྱོར་ལེགས་སྒྱུར་བྱས།
ཏིང་འཛིན་མཚོ་མོས་བསྒྱུར།