ཟླ4པའི་ཚེས14ཉིན། ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས2025ལོའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་དང་རྒྱལ་ཁོངས་ལྗང་བསྒྱུར་དང་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་འཚོགས། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་སྟོང་ཕྲག་ལྷག་གིས་བྱ་སྤྱོད་དངོས་ཀྱི་སྟེང་ནས་སྐྱེ་ཁམས་འདུ་ཤེས་ལག་ལེན་བསྟར་བ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་ལྗང་མདོག་གི་འགོག་ར་ལས།
འབྲི་ཆུའི་འབབ་རྒྱུད་དུ། རིགས་སོ་སོའི་ལས་བྱེད་མང་ཚོགས་ལག་གདང་སྦྲེལ་ནས། མི་སེམས་འགུལ་བའི་ལྗང་མདོག་གི་མཉམ་སྒྲོག་རོལ་དབྱངས་ཤིག་འཁྲབ་སྟོན་བྱེད་བཞིན་ཡོད། ཉིན་ཕྱེད་ལ་དཀའ་སྤྱད་འདེབས་འཛུགས་བྱས་པ་བརྒྱུད། སྦྱར་ཤིང་དང་། ཅོག་ཤིང་། ལྕང་མ། མེ་ཏོག་ལྡན་པའི་རྩི་ཤིང་། ཀུ་ཤུའི་སྡོང་བོ་སོགས་སྡོང་བོ35000ལྷག་ཙམ་བཙུགས་ཡོད། རྒྱུས་ལོན་པ་ལྟར་ན། ད་ལོར་ཡུས་ཧྲུའུ་ཡིས་མ་དངུལ་སྒོར་དུང་ཕྱུར9དང་བྱེ་བ6ས་ཡ8བཏང་བའི་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་ཁུངས་ནགས་ཚལ་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་མུ་མཐུད་ལག་བསྟར་བྱས་ཏེ་རི་བཀག་ནགས་གསོ་བྱས་ཚད་སྤྱི་ཆིང་ཁྲི0.64དང་། རྩྭ་ཐང་ཉམས་གསོ་བཅོས་སྐྱོང་གི་ཚད་སྤྱི་ཆིང་ཁྲི24.83ཡོད་ལ། དམངས་ཡོངས་ཀྱིས་སྡོང་རྐང་ཁྲི32ལྷག་ཙམ་འཛུགས་རྩིས་ཡོད། མིག་སྔའི་བར་ཡུས་ཧྲུའུ་འབའ་ཐང་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་ཁུངས་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ལས་གཞིའི་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར2དང་བྱེ་བ1ས་ཡ7འབུམ2ཁྲི2ལེགས་གྲུབ་བྱུང་བ་དང་མ་འཇོག་ལས་འགན་ལེགས་འགྲུབ་ཀྱི་ཚད་བརྒྱ་ཆའི95.6ཡིན། སྡོང་འཛུགས་ལས་གཞི་དང་། ཆུ་འདྲེན་བདག་སྐྱོང་། ནད་འབུའི་འགོག་བཅོས་དང་དེ་བཞིན་སྡོང་འཛུགས་དོ་དམ་སྲུང་སྐྱོང་སོགས་ཀྱི་ལས་དོན་ཚང་མས་འབྲེལ་ཡོད་ཚད་ལྡན་གྱི་བླང་བྱ་ནན་གྱིས་གཞིར་བཟུང་ཡོད་པས། སྡོང་ཕྲུག་གི་གསོན་ཚད་དང་སྦུག་ལམ་ལས་གཞིའི་སྤུས་ཚད་འགན་ལེན་ནུས་ལྡན་བྱུང་ཡོད། རྣམ་གྲངས་དེ་ལག་བསྟར་བྱས་ཚེ་འབའ་ཐང་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་ཁུངས་ནགས་ཚལ་གྱི་ཁེབས་ཚད་མཐོ་རུ་ཕྱིན་པ་དང་། འབབ་རྒྱུད་ཀྱི་ཆུ་ཁུངས་ནགས་ཚལ་དང་། ས་ཆུ་སྲུང་འཛིན། ཐཱན་སྲ་གཟུགས་དབྱང་བཟོ་སོགས་ཀྱི་ནུས་པར་ཤུགས་སྣོན་རྒྱག་ཐུབ་པ་མ་ཟད། ས་གནས་དེ་གའི་སྡོད་མིར་སྔར་ལས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་མཁོ་འདོན་ཐུབ་པས་ཡུས་ཧྲུའུ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན།
ཏིང་འཛིན་མཚོ་མོས་བསྒྱུར།