ཟླ3པའི་ཚེས12ཉིན་ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་བཀོད་སྒྲིག་དུ་བྱས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འྦརེལ་བྱས་ལ། ཞིང་ཆེན་ཡོངས་ཀྱི་ལག་བསྟར་ཇུས་གཞི་དང་དཔེ་ཀློག་འཛིན་གྲྭའི་ཇུས་གཞི། བྱ་བའི་ཆེད་དོན་ཚན་ཁག་འཛུགས་པའི་ཇུས་གཞི། ཟླ་རེའི་གཙོ་གནད་བྱ་བའི་འཆར་གཞི། སྤྱི་ཚོགས་ལྟ་སྐུལ་པ་འཛུགས་པའི་ཇུས་གཞི་བཅས་ལ་བརྟེན་ནས། གཅིག་སྣོན་བཞི་ཡི་ཇུས་གཞི་མ་ལག་བཙུགས་པ་དང་། སྤྱི་ཁོག་ནས་གཅིག་འདོམས་བཀོད་གཏོང་བྱས་ལ། བྱ་བའི་བཀོད་སྒྲིག་ཐད་ཤུགས་སྣོན་བྱས།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་སོགས་སྡེ་ཁག་དང་མཉམ་དུ་བྱ་བའི་ཚན་ཆུང་བརྒྱད་བཙུགས་ཏེ། ས་ཁུལ་སོ་སོ་དང་ཁྱབ་ཁོངས་སོ་སོར་གནས་པའི་འབུར་ཐོན་གནད་དོན་དང་བྱེ་བྲག་གི་མཚོན་བྱེད་རྣམ་པར་རྒྱུས་ལོན་གསལ་བོ་བྱས་པ་དང་། བསྡོམས་པས་བཞུགས་མོལ་ཐེངས་བཅུ་གཅིག་བྱས་ལ། གཞི་རིམ་གྱི་བློ་མཐུན་དྲུག་བརྒྱ་ལྷག་ལ་བཞུགས་མོལ་ཁ་བརྡ་བྱས་པ་དང་། བརྟག་དཔྱད་འདྲི་ཤོག་བཞི་བརྒྱ་ལྷག་བཀྲམས་ལ། གནད་དོན་ལ་ཟུར་བྱོལ་མ་བྱས་པ་དང་འགལ་རྩོད་མ་མཐོང་ཁུལ་མི་བྱས་པར། མང་ཚོགས་ཀྱི་སེམས་ཁུར་དང་དོ་སྣང་བྱེད་ཚད་ཆེས་མཐོ་བ་དང་། བསམ་འཆར་ཅུང་གཅིག་བསྡུས་ཡིན་པ། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་རེ་རེ་བཞིན་སྡུད་རུབ་བྱས་ཏེ། སྤུས་ཚད་མཐོ་བའི་ངང་མཚོ་སྔོན་གྱི་ཆེད་དོན་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། གཞི་གཅིག་ཏུ་སློབ་བཤེར་བཅོས་གསུམ་སྤེལ་བའི་ཐད་ནས་རྨང་གཞི་བརྟན་པོ་བཏིངས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་ཚན་ཁག་གིས་སྔོན་དུས་ཀྱི་རྟོག་ཞིབ་གནས་ཚུལ་ལ་ཟུང་འབྲེལ་བྱས་པ་དང་། ཀྲུང་དབྱང་གི་བརྡ་སྦྱོར་ནང་བཏོན་པའི་ཕྱོགས་བཅུ་གཅིག་ཐད་ཀྱི་འབུར་ཐོན་གནད་དོན་དམིགས་ཚད་དུ་བྱས་ནས། 2024ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་ཞིང་ཆེན་ཏང་ཨུའི་ལྟ་ཞིབ་ཁང་། ཞིང་ཆེན་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གཞུང་སྒྲུབ་ཁང་གིས་བསྒྲགས་པའི་འབྲེལ་ཡོད་དཔེ་མཚོན་གནད་དོན་ཕྱོགས་བསྒྲིགས་བྱས་པ་དང་། ས་ཁུལ་སོ་སོ་དང་ཁྱབ་ཁོངས་སོ་སོའི་དཔེ་མཚོན་རང་བཞིན་དང་མཚོན་བྱེད་རང་བཞིན་ངེས་ཅན་ལྡན་པའི་གནད་དོན་ང་བདུན་ལེགས་སྒྲིག་བྱས་ཏེ། གོ་རིམ་རྗེས་མར་བརྟག་བཤེར་ལེགས་བཅོས་དང་བཅོས་སྐྱོང་བྱེད་པའི་ཐད་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས།
གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལྟ་ཞིབ་ས་ཚིགས་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་སྒེའུ་ཁུང་སྡེ་ཁག མང་ཚོགས་དང་འབྲེལ་འདྲིས་ཅུང་དམ་ཟབ་ཡིན་པའི་ལས་རིགས་མཐུན་ཚོགས། དམངས་ཚིས་དང་འབྲེལ་བའི་འགན་ནུས་སྡེ་ཁག སྲིད་ཇུས་ཀྱི་ཁེ་ཕན་ཐོབ་པའི་མི་ཚོགས་བཅས་ལ་ཟུང་འབྲེལ་བྱས་ནས། ཞིང་སྡེ་དང་གྲོང་ཁྱེར། ལས་ཁུངས། སློབ་གྲྭ གཞུང་བཙུགས་སྨན་ཁང་། རྒྱལ་དབང་ཁེ་ལས། གསར་དར་ཁྱབ་ཁོངས་སོགས་སུ་ཁེབས་པའི་རིམ་པ་མི་འདྲ་བའི་ལྟ་ཞིབ་ས་ཚིགས་བཅོ་ལྔ་ཚགས་འདེམས་བྱས་པ་དང་། འོག་གིས་གོང་བལྟ་དང་གོང་འོག་མཉམ་འབྲེལ་གྱི་བྱེད་ཐབས་ཐབས་ལམ་སྤྱད་དེ། ཞིང་ཆེན་རིམ་པའི་ཆེད་དོན་ཚན་ཁག་དང་ལྟ་ཞིབ་ས་ཚིགས་ཀྱི་འབྲེལ་འདྲིས་ཟུང་འབྲེལ་བྱས་པའི་མཛུབ་སྟོན་རྐྱེན་སྲོལ་བཙུགས་པ་དང་། ཟུར་ངོས་མི་འདྲ་ས་ནས་གཞི་རིམ་གྱི་གྲོས་གཞི་དང་བསམ་འཆར་ལ་ཉན།
གནད་དོན་གྱི་ཁུངས་སྣེའི་རྩིས་ཐོར་དོ་དམ་བཟང་བོ་བྱེད་པ་དང་། བརྟག་བཤེར་ཐག་གཅོད་ཇེ་ཞིབ་ཏུ་གཏོང་བ། མང་ཚོགས་སློབ་སྦྱོང་སློབ་གསོ་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པ་བཅས་བྱེད་ཆེད། མཚོ་སྔོན་གྱིས་ད་དུང་དྲ་ཐོག་ཡུལ་དངོས་ཟུང་འབྲེལ་བྱས་པའི་རྣམ་པ་སྤྱད་པ་དང་། མི་དམངས་དྲ་རྒྱའི་སྐད་འཇོག་ས་དང12345། 12388། 12380སོགས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ལ། བསམ་འཆར་ཡིག་སྒམ་དང་དྲ་རྒྱའི་ཡོངས་བསྒྲགས་ཡིག་སྒམ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། བསམ་འཆར་གྲོས་གཞི་རྒྱ་ཁྱབ་ཏུ་སྡུད་རུབ་བྱས་ནས། མང་ཚོགས་ལ་སེམས་གཏམ་བྱེད་ས་ཡོད་པ་དང་གནད་དོན་ཡར་ཞུ་བྱེད་ས་ཡོད་པར་བྱས།
རིན་ཆེན་མཚོས་བསྒྱུར།