མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཆེན་མོའི་ཉེན་རྟོག་ལས་དོན་མཉམ་ལས་རྐྱེན་སྲོལ་དང་ཞིང་ཆེན་གསུམ་གྱི་གྲོང་ཁྱེར་དང་ཁུལ་བཅུའི་བདེ་འཇགས་འགོག་སྲུང་བསྐྲུན།
2025.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4བའི་ཚེས15ཉིན།  མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཆེན་མོའི་སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་གྱི་ཉེན་རྟོག་ལས་དོན་མཉམ་ལས་མཉམ་འབྲེལ་གྲོས་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་ཚོགས་པ་དང་།  ཀན་སུའུ་དང་མཚོ་སྔོན།  ཞིན་ཅང་བཅས་ཞིང་ཆེན་གསུམ་གྱི་གྲོང་ཁྱེར་དང་ཁུལ་བཅུ་ཡི་སྤྱི་བདེ་དང་འགྲུམ་འགྲུལ་དོ་དམ་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣ་མཉམ་དུ་འཛོམས་ནས། ས་ཁོངས་ཉེན་རྟོག་ལས་དོན་གྱི་མཉམ་ལས་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་བགྲོད་ལམ་གསར་བ་བཏོད་པར་ལྷན་དུ་གྲོས་བསྡུར་བྱས།

མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཆེན་མོ་ནི་མཚོ་བོད་མཐོ་སྒང་དང་རྨ་ནུབ་དོག་ལམ་གྱི་ལྗོངས་རྒྱུའི་གནས་གལ་ཆེན་ཞིག་ཡིན་ལ།  ནུབ་བྱང་ས་ཁུལ་གྱི་སྲོག་རྩ་ལྟ་བུར་གྱུར་ཡོད།  ཁུལ་ཁོངས་ཀྱི་དཔལ་འབྱོར་མཉམ་སྡེབ་དང་མི་ཆོས་རིག་གནས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།  སྐོར་ལམ་འདི་བདེ་འཇགས་ངང་ཤར་གཏོང་བྱེད་ཐུབ་པའི་གལ་ཆེན་རང་བཞིན་མངོན་གསལ་དུ་གྱུར་ཡོད།  མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཆེན་མོའི་སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་ཉེན་རྟོག་ལས་དོན་གྱི་འབྲེལ་འདྲེས་མཉམ་ལས་རྐྱེན་སྲོལ་སྔ་མོ་ནས་གྲུབ་པར་སྐུལ་འདེད་བྱེད་པ་དང་།  ཤུགས་ཆེན་པོས་སྐོར་ལམ་གྱི་འགྲིམ་འགྲུལ་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་ཁེག་ཐག་བྱེད་ཆེད།  ཐེངས་འདིའི་མཉམ་འབྲེལ་གྲོས་ཚོགས་སྟེང་འགྲིམ་འགྲུལ་དང་བདེ་འཇགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་བརྗོད་བྱར་བྱས་ཡོད་ལ།  གཏིང་ཟབ་པའི་སྒོ་ནས་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ཉམས་མྱོང་དང་གྲུབ་འབྲས་བརྗེ་རེས་བྱེད་པ་བརྒྱུད།  ལྷན་དུ་ཁུལ་ཁོངས་ཀྱི་ཉེན་རྟོག་ལས་དོན་གྱི་མཉམ་ལས་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཉིན་དེར།  ཕྱོགས་སོ་སོའི་འཐུས་ཚབ་པས《མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་གྱི་སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་ཉེན་རྟོག་ལས་དོན་མཉམ་ལས་གྲོས་གཞིའི་ཡི་གེ》རུ་མཉམ་འབྲེལ་མིང་རྟགས་བཀོད་པ་དང་།  སྐོར་ལམ་སྤྱི་བདེ་ལས་ཁུངས་དང་ལས་རིགས་སྡེ་ཁག་གི་བདེ་འཇགས་དོ་དམ་དང་ཚོད་འཛིན་གྱི་འཁོར་རྒྱུག་བཟོ་བ་གསལ་བོར་བསྟན་ཡོད།  ཆ་འཕྲིན་འབྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད།  གནད་དོན་མཉམ་གྲོས།  ཉེན་ཁ་འགོག་སྲུང་བཅས་ཀྱི་ལངས་གཟུགས་བཅོས་སྐྱོང་རྣམ་པ་གྲུབ་པར་སྐུལ་འདེད་བཏང་བ་དང་།  མཉམ་ལས་རྐྱེན་སྲོལ་དོན་འཁྱོལ་བྱུང་བ་དང་བསྟུན་ནས།  མཚོ་སྔོན་དང་ཀན་སུའི་སྐོར་ལམ་གྱི་ས་ཁམས་དོན་སྙིང་སྟེང་མགྱོགས་མྱུར་ངང་མངའ་ཁུངས་བརྒལ་བའི་ཉེན་རྟོག་ལས་དོན་མཐུན་སྦྱོར་དང་།  ཐོལ་ལས་འཕེལ་རྒྱས་ཀྱི་མཉམ་འགུལ།  བདེ་འཇགས་འགན་ལེན་མཉམ་བསྐྲུན་གྱི་ཐུན་མོང་ཚོགས་པའི་འཕེལ་རྒྱས་སུ་རིམ་འཕར་བྱས་ཏེ།  ནུབ་ཁུལ་ལྗོངས་རྒྱུའི་དཔལ་འབྱོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་རྨང་གཞི་གཏིང་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།