མཚོ་སྔོན་གྱིས་ཕྱོགས་ཡོངས་དང་སྦྲེལ་ཕྲེང་ཡོངས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཀྱི་འགོག་སྲུང་བསྐྲུན།
2025.04.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ད་ལོའི་ཟླ4བ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ཐོན་སྐྱེད་དང་ཚོང་གཉེར་བྱེད་སྒོ་མང་དུ་སྤེལ་བའི་དུས་ཚུགས་ཤིག་ཏུ་སླེབས་ཡོད།  ཞིང་ཆེན་ཡོངས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ནས་གསར་འཛུགས་དང་སླར་གསོའི་ལས་གཞི22ཡོངས་སུ་ལས་མགོ་བརྩམས་ཡོད་ལ།  དངོས་ཟོག་མཁོ་སྤྲོད་ཀྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་འདུག  མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཉེན་ཁ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་གྲལ་བཤེར་བཅོས་སྐྱོང་ནུས་ཤུགས་ཆེ་རུ་བཏང་།  ཉེན་ཁ་ཅན་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།  རང་བྱུང་མེ་སྐྱོན་གྱིས་བསྐྱེད་པའི་གཞུང་ལམ་ཉེན་ཁའི་གནས་ཀྱི་ལྟ་ཞིབ་ལ་ཤུགས་བསྣོན་པ།  བདེ་འཇགས་དོགས་ཟོན་བྱེད་ཐབས་དང་འོས་འགན་དོན་འཁྱོལ་བྱས་ཏེ།  ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་རྣམ་པ་བརྟན་བརླིང་ངང་འཕེལ་བར་ཁེག་ཐག་བྱས་ཡོད།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཐིན་གྱི་ཆེད་དམིགས་བཅོས་སྐྱོང་ལས་འགན་ཁག10དང་བྱེ་བྲག་གི་ལས་དོན་ཁག60དང་ཟུང་འབྲེལ་བྱས་ཏེ། གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་བཀོད་སྒྲིག  གཅིག་གྱུར་སྐུལ་འདེད་བཅས་བྱེད་པའི་བླང་བྱ་བཏོན།  འབྲེལ་ཡོད་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་གཞིའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཉེན་ཁའི་འགོག་སྲུང་དང་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་བཅོས་སྐྱོང་ཕྱོགས་གཉིས་ཀྱི་སྔོན་འགོག་རྐྱེན་སྲོལ་དོན་འཁྱོལ་བྱེད་པར་སྐུལ་མ་གཏོང་བ་དང་།  ཉེན་ཁའི་དོ་དམ་དང་ཚོད་འཛིན་གནད་ལ་ཁེལ་བར་བྱས་ཏེ་མངོན་མེད་རྐྱེན་ངན་རིམ་བཞིན་གཙང་སེལ་བྱེད་དགོས།  ཏཱ་ཧྭི་ཅ་ནས་ཆིན་ཧྲུའེ་བར་གྱི་མྱུར་མགྲོད་གཞུང་ལམ་དང་འབའ་རྗོང་ནས་གསེར་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལས་གཞིའི་འཛུགས་བསྐྲུན་དཀའ་ཁེག་ཆེ་བ་དང་ཟམ་པ་དང་ཕུག་ལམ་གྱི་ཟིན་ཚད་མཐོ་བའི་ལས་གཞིའི་བདེ་འཇགས་དང་ཉེན་ཁའི་འགོག་སྲུང་གསལ་ཐོ་དང་གནད་དོན་གསལ་ཐོ།  འོས་འགན་གསལ་ཐོ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ།  ཉེན་ཁ་ཚབས་ཆེན་རིགས་ཀྱི་འགོག་སྲུང་དང་གཙང་སེལ་ལ་ནུས་ཤུགས་བཏོན།

དེ་དང་ཆབས་ཅིག  ལྗོངས་རྒྱུའི་དུས་ཚིགས་བཟང་བོ་དམ་འཛིན་བྱས་ཏེ།  དབྱར་རྩྭ་བརྐོ་བའི་དུས་མཚམས་ཀྱི་གཞུང་ལམ་སྐྱེལ་འདྲེན་བདེ་འཇགས་བྱ་བ་དང་།  ཞིང་ཆེན་ཕྱིའི་ལྗོངས་རྒྱུའི་རླངས་འཁོར་དང་ཟོང་འཁོར་ལ་ཚད་མཐོའི་དོ་ཁུར་བྱས་ཏེ།  སྤྱི་ལེ800ཡན་གྱི་འགྲུལ་སྐྱེལ་རེས་འཁོར་གྱི་ལམ་ཐིག་བདེ་འཇགས་དོ་དམ་ལེགས་པར་བསྒྲུབ་པ་དང་།  གཞུང་ལམ་སྐྱེལ་འདྲེན་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས།  ཉེན་ཁ་ཅན་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་ལྟ་སྐུལ་དང་དོ་དམ་ལ་ཤུགས་བསྣན་ཏེ།  སྐྱེལ་འདྲེན་རླངས་འཁོར་དང་ཁ་ལོ་བ།  དོས་སྐྱེལ་བའི་ཐོབ་ཐང་ལ་དོ་དམ་ནན་མོ་བྱེད་དགོས།  མཚོ་འགྲུལ་གྱི་བདེ་འཇགས་ལ་ཁེག་ཐག་བྱེད་ཆེད།  མཚོ་སྔོན་ཞིང་ཆེན་ས་གནས་མཚོ་དོན་ཅུའུ་ཡིས་མཚོ་འགྲུལ་ཁེ་ལས15ཡི་མི་སྣའི་གསོ་སྦྱོང་དང་གྲུ་གཟིངས་ཞིབ་བཤེར་སོགས་ཀྱི་བྱ་བར་སྐུལ་འདེད་བྱས་ཏེ།  མཚོ་སྔོན་པོ་དང་ཚ་རྔ་འགག་སོགས་ནས་བདེ་བརླག་ངང་གྲུ་གཟིངས་གཏོང་ཐུབ་པར་ཁེག་ཐག་བྱས།  དེ་དང་ཆབས་ཅིག   ཁེ་ལས་ཀྱི་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ་དང་།  གྲུ་གཟིངས་ཀྱི་ལག་རྩལ་སྒྲིག་ཆས་རྣམ་པ།  གྲུ་པའི་འགན་སྒྲུབ་ནུས་པ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ།  རག་ཤུལ་མདོའི་ཨ་སྐྱོང་གྲུ་ཁ་སོགས་ཀྱི་གྲུ་གཟིངས་སྐྱེལ་འདྲེན་གྱི་ལྟ་སྐུལ་དང་དོ་དམ་དམ་འཛིན་བྱེད་དགོས།

དེར་མ་ཟད།  མཁོ་སྒྲུབ་རུ་ཁག་འཛུགས་པ་དང་ཉེར་མཁོའི་དངོས་ཟོག་དང་སྒྲིག་ཆས་གསོག་འཇོག་ལ་ཤུགས་བསྣན་ཏེ།  གནམ་གཤིས་རྩུབ་མོ་དང་ལྗོངས་རྒྱུའི་དུས་ཚིགས་ཀྱི་རླངས་འཁོར་ཁེག་པ།  ལྗོངས་རྒྱུ་བ་རྗེས་སུ་ལས་པ་སོགས་ཐོལ་བྱུང་དོན་རྐྱེན་ཀྱི་ཁ་གཏད་གྲ་སྒྲིག་བྱས་པ་དང་།  ཐོལ་བྱུང་དོན་རྐྱེན་གྱི་ཉེན་ཁར་འཕྲད་ཚེ་དང་དངོས་ཟོག  མི་སྣ།  སྒྲིག་ཆས་དུས་དང་བོར་དངོས་འབེབས་བྱས་ཏེ།  ཚན་རིག་དང་མཐུན་པའི་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་དགོས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།