གཅིག་སྒྲིལ་རྫོང་གིས་ལས་གཞི་གལ་ཆེན་སོ་བདུན་གཅིག་བསྡུས་ཀྱིས་ལས་མགོ་བརྩམས།
2025.04.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས18ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་དྲུག་ཆེན་སུམ་མདོ་གྲོང་རྡལ་དུ2025ལོའི་ལས་གཞི་གལ་ཆེན་གཅིག་བསྡུས་ཀྱིས་ལས་མགོ་རྩོམ་པའི་བྱེད་སྒོ་སྤེལ། ཐེངས་འདིར་གཅིག་སྒྲིལ་རྫོང་གིས་ལས་གཞི་སོ་བདུན་གཅིག་སྡུས་ཀྱིས་ལས་མགོ་བརྩམས་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་ལྔར་སླེབས་ཡོད་ཅིང་། ལས་གཞིའི་ཁྲོད་དུ་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྨན་བཅོས་འཕྲོད་བསྟེན། ཞིང་ཕྱུགས་ལས་འཕེལ་རྒྱས། རིག་གནས་ལུས་རྩལ་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད།

ད་ལོར། གཅིག་སྒྲིལ་རྫོང་གིས་ལས་གཞི་གལ་ཆེན་གྱིས་བརྟན་འཇགས་འཕར་སྣོན་ཐད་ཐོན་པའི་འདེགས་སྐྱོར་བྱེད་ནུས་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་དང་སྤུས་འདེགས་ཐུབ་པར་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་། མིག་སྔའི་བར་དུ། གཅིག་སྒྲིལ་རྫོང་གི་དངུལ་གཏོང་ལས་གཞིའི་སྤྱིའི་གྲངས་ཀ71ལ་སླེབས་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ལྔ་བྱེ་བ་བདུན་ས་ཡ་གཅིག་ལ་སླེབས་ཡོད་ལ། ལས་མགོ་རྩོམ་ཚད་བརྒྱ་ཆའི་ང་གཉིས་ལ་སླེབས་ཤིང་། དེའི་ཁྲོད་རྒྱུན་མཐུད་འཛུགས་སྐྲུན་གྱི་ལས་གཞི་ཉེར་ལྔ་དང་གསར་འཛུགས་ལས་གཞི་ཞེ་དྲུག་ཡོད། གླེང་རིན་ཡོད་པ་ཞིག་ནི། བསྡོམས་པས་མ་དངུལ་བྱེ་བ་ལྔ་ས་ཡ་དགུ་འབུམ་གཉིས་ཁྲི་བརྒྱད་དང་ལྔ་བརྒྱ་གཉིས་བཏང་བའི་གཅིག་སྒྲིལ་རྫོང་གི་འགྲང་ཆུའི་བཞུར་རྒྱུད་ཀྱི་ཆུའི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་སྡུས་བཅོས་སྐྱོང་བཟོ་སྐྲུན་སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་གཞི་གལ་ཆེན་སྤེལ་བས། གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཡིད་ཆེས་བརྟན་པོ་གསལ་བོར་མངོན་ཡོད།

གཅིག་སྒྲིལ་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བལྟས་ན། ཐེངས་འདིར་གཅིག་སྡུས་ལས་མགོ་བརྩམས་པའི་ལས་གཞི་སོ་བདུན་གྱིས། གཅིག་སྒྲིལ་རྫོང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ཅིང་། དུས་མཉམ་དུ་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་བོ་ཞིག་བསྐྲུན་ཐུབ་པར་མ་ཟད། ཁོ་ཚོས་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་བྱས་ཏེ་རྒྱུ་རྐྱེན་འགན་སྲུང་བྱ་བ་ཡག་པོར་སྒྲུབ་པ་དང་། ལས་གཞིའི་བརྒྱད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ལས་གཞི་སོ་སོ་འཆར་གཞི་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་གྲུབ་བྱེད་པར་ཁག་ཐེག་བྱ་རྒྱུ་དགོས་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།