མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གཞུང་ལུགས་ཞིབ་འཇུག་འཛིན་གྲྭ་ཐེངས་གཉིས་པ་སྤེལ།
2025.04.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས18ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གཞུང་ལུགས་ཞིབ་འཇུག་འཛིན་གྲྭ་ཐེངས་གཉིས་པའི་གསོ་སྦྱོང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་ཆེད། ཟླ4པའི་ཚེས14ཉིན་མགོ་བརྩམས་པ་ནས་བཟུང་།    ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་།    ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ།    མི་དམངས་ཚོགས་པ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ནས་ཡོང་བའི་སློབ་མ་རྣམས་ཀྱིས་ནུས་གསོག་བྱས་ཏེ།    ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གྱི་མྱོང་ཚོར་བརྗེ་རེས་དང་སློབ་སྦྱོང་གཏིང་ཟབ་བྱས་ལ།    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཞུང་ལུགས་ཆུ་ཚད་དང་ལག་ལེན་ནུས་པ་ཆེ་རུ་བཏང་ཡོད།

ཐེངས་འདིའི་གཞུང་ལུགས་གསོ་སྦྱོང་འཛིན་གྲྭས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་དམིགས་ནས། རང་ཞིང་གི་དོན་དངོས་ལ་དམ་པོར་འབྲེལ་བ་དང་། སློབ་ཁྲིད་ཇུས་འགོད་དང་དགེ་རྒན་གྱི་ནུས་པའི་ཐད་སེམས་ཞིབ་མོས་གྲ་སྒྲིག་བྱས་ཡོད་ལ། མངའ་ཁོངས་ནང་གི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ། ལས་རིགས་ཀྱི་རྐང་འཛིན་མི་སྣ་བཅས་གདན་ཞུ་བྱས། གསོ་སྦྱོང་དེ་སློབ་ཚན་གཙོ་བོ་དང་ཡན་ལག་སློབ་ཚན་གྱི་རྣམ་པའི་ཐོག་ནས་སྤེལ་བ་དང་།  ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་སློབ་ཚན་གཙོ་བོ་བཙུགས་པ་དང་གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་སློབ་ཚན་བཙུགས་ཡོད།  དེའི་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་འཆར་འགོད་ཀྱིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པ་སོགས་ཕྱོགས་མང་པོར་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྡེ་ཚན་ཡིན་པ་དང་།    ཏང་གཤིས་སློབ་གསོ་སྡེ་ཚན་ཡིན་པ།   འགན་འཁྲི་སྒྲུབ་པའི་ནུས་པ་མཐོར་འདེགས་བཅས་ཁག་ཆེན་པོ་གསུམ་བཙུགས་ཡོད།  དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི“གནས་བཞི”འཛུགས་སྐྲུན་གྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།    “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྐྱེ་ཁམས་རིག་གནས་དང་།    རྒྱལ་ཁབ་སྤྱི་གླིང་གི་གཞུང་ལུགས་དང་ལག་ལེན་སོགས་སློབ་སྦྱོང་གི་ནང་དོན་གསོ་སྦྱོང་དར་སྤེལ་བྱས་པ་མ་ཟད།    “ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ངོས་འཛིན་སྔར་ལས་མཐོར་འདེགས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་སྒྲུབ་སྔོན་བརྩོན་བྱེད་པ་བཅས་ཀྱི་ཐད་ལ་དམིགས་ནས་འཛིན་གྲྭའི་གྲོས་བསྡུར་བྱས།

ཉིན་ལྔའི་རིང་ལ།  ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས། གསོ་སྦྱོང་གིས་གཞུང་ལུགས་ཟུང་འབྲེལ་གྱི་དོན་དངོས་རྒྱུན་འཁྱོངས་བྱས་པ་དང་།  སློབ་ཁྲིད་སློབ་གསོ་དང་བརྗེ་རེས་གྲོས་བསྡུར་ཟུང་འབྲེལ་བྱེད་པ།    གཅིག་སྡུད་སློབ་སྦྱོང་དང་སློབ་ཁྲིད་རྗེས་སུ་རང་སྦྱོང་ཟུང་འབྲེལ་སོགས་ཀྱི་བྱེད་སྟངས་སྤྱད་དེ། སྲིད་ཇུས་གཞུང་ལུགས་དང་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་ཟུང་འབྲེལ་དམ་ཟབ་བྱས་ནས།    བཀོལ་སྤྱོད་ཀྱི་སློབ་ཁྲིད་རྣམ་པ་དང་གྱོད་དཔེའི་རྣམ་པ། གྲོས་བསྡུར་རྣམ་པ་སོགས་སློབ་ཁྲིད་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གཏིང་ཟབ་པའི་བསམ་བློ་དང་རྩོད་སྒྲུབ་ཀྱི་བསམ་གཞིགས།    ལྟ་ཕྱོགས་གསར་རྐྱང་།    ཕན་ནུས་ལྡན་པའི་མཉམ་འགུལ་བཅས་ཀྱི་ཁྲོད། སློབ་མ་ཡོངས་ཀྱི་བསམ་བློའི་ངོས་འཛིན་སྔར་ལས་ཇེ་མཐོར་གྱུར་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ལ། གཞུང་ལུགས་ཀྱི་རྨང་གཞི་བརྟན་པོར་བཏང་བ་དང་། ཤེས་བྱའི་གྲུབ་ཚུལ་ཕུན་སུམ་ཚོགས་པོར་གྱུར་ཞིང་། ཕྱོགས་བསྡུས་སྤུས་ཚད་ཇེ་དྲག་ཏུ་གྱུར་ཡོད། ཚང་མས་བསྟན་དོན། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་བསམ་གཞིགས་འཆར་འགོད་དང་བྱ་བའི་བྱེད་ཐབས་ལ་སྐུལ་འདེད་གཏོང་བ། བྱ་བའི་བྱེད་ཐབས་ལེགས་བཅོས་བྱེད་པ་བཅས་སུ་བསྒྱུར་རྒྱུ་ཡིན་ཟེར།

ཤ་བོ་རིན་མཚོས་བསྒྱུར།