ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞོན་ཧྭ་རྫོང་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་གཉེན་སྒྲིག་ལོ་ཚད་བབ་བསྟུན་གཏན་འབེབས་ལ་ཁྲིམས་འཛུགས་བརྟག་དཔྱད་བྱས།
2025.04.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉གི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་གཏན་འབེབས》ལ་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་བ་ལེགས་པར་སྒྲུབ་ཆེད། ཟླ4ཚེས14ཉིན། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་ཚན་ཆུང་བཙུགས་ནས་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད།

བརྟག་དཔྱད་ཞིབ་འཇུག་ཚན་ཆུང་ཞོན་ཧྭ་རྫོང་གི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་བསྐྱོད་དེ་ལྟ་ཞིབ་བྱས་པ་དང་།  གཉེན་སྒྲིག་ཐོ་འགོད་ཀྱི་རྩིས་ཐོ་དང་མ་ལག་གི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཀློག་བྱས་པ་མ་ཟད། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས་ཏེ། གཞི་རིམ་གྱི་གཉེན་སྒྲིག་གོམས་སྲོལ་གྱི་དོན་དངོས་དང་མང་ཚོགས་ཀྱི་རེ་ཞུ་ལ་རྒྱུས་ལོན་གཏིང་ཟབ་བྱས།

བརྟག་དཔྱད་ཞིབ་འཇུག་ཚན་ཆུང་གིས་ཞོན་ཧྭ་རྫོང་གིས་དམངས་དོན་ཁྲིམས་གཞུང་ལག་བསྟར་དང་གཉེན་སྒྲིག་གོམས་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ།    མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ལ་སྐུལ་འདེད་གཏོང་བ་བཅས་ཁྲོད་ཀྱི་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། བརྟག་དཔྱད་ཞིབ་འཇུག་ཚན་ཆུང་གིས་བསྟན་དོན། ཐེངས་འདིའི་བབ་བསྟུན་གཏན་འབེབས་ཀྱི་ཁྲིམས་འཛུགས་སྤེལ་བ་ནི་ཀྲུང་དབྱང་གི་མི་རིགས་སྲིད་ཇུས་དོན་འཁྱོལ་དང་། མི་རིགས་ཀྱི་ས་ཁུལ་གྱི་དོན་དངོས་ལ་བརྩི་འཇོག གྲངས་ཉུང་མི་རིགས་ཀྱི་དམངས་དོན་ཁེ་ཕན་འགན་སྲུང་། ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་བཅས་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་པ་དང་། གཉེན་སྒྲིག་ལོ་ཚོད་དང་ས་ཁོངས་རིག་གནས་བར་གྱི་འགལ་བ་སེལ་བ་དང་སྲོལ་བརྗེ་ལུགས་སྒྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པས།  མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཟབ་མོ་ལྡན།

བརྟག་དཔྱད་ཞིབ་འཇུག་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་བྱ་བ་འདི་ལེགས་པོར་བསྒྲུབས་པར་ཁྲིམས་སྐྱོང་གི་ཚད་མཐའ་བརྟན་པོ་སྲུང་ནས། བབ་བསྟུན་གྱི་གཏན་འབེབས་བཅའ་ཁྲིམས་དང་མི་འགལ་བའི་ཁག་ཐེག་བྱ་དགོས། མི་རིགས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་སྲོལ་རྒྱུན་གྱི་གོམས་སྲོལ་དང་དེང་རབས་ཀྱི་ཁྲིམས་སྐྱོང་ལ་ལྟ་རྟོག་བྱེད་དགོས།     མང་ཚོགས་ཟབ་ཞུགས་བྱེད་པར་ཤུགས་བསྣན་ཏེ་ཁྲིམས་སྲོལ་དེ་དམངས་ཚིས་དགོས་མཁོ་དང་ཐག་ཉེ་བར་འགན་སྲུང་བྱ་དགོས།     མཐུན་སྦྱོར་མཉམ་འགུལ་ལ་མཐོང་ཆེན་བྱས་ཏེ།    ཁྲིམས་སྐྱོང་འགན་སྲུང་ལ་བརྟེན་ནས་གཉེན་སྒྲིག་གོམས་སྲོལ་བཅོས་སྒྱུར་དང་གྲོང་གསེབ་དར་སྤེལ། གཞི་རིམ་གྱི་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།