མཚོ་སྔོན་གྱིས་ཚོང་གཉེར་གཙོ་བོའི་མིང་རིམ་སྤོར་བྱས་ཏེ་རང་བདག་རེ་ཞུ་མཛུབ་ཁྲིད་ཞབས་ཞུ་སྤེལ།
2025.04.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བསྒྲགས་པ་ལྟར་ན།  སྔར་ལས་ནུས་ལྡན་གྱི་སྒོ་ནས་རེ་ཞུ་བྱེད་མཁན་གྱིས་ཚོང་གཉེར་གཙོ་བོའི་མིང་རང་བདག་རེ་ཞུ་བྱེད་པར་མཛུབ་སྟོན་བྱེད་པ་དང་། ཚོང་གཉེར་གཙོ་བོའི་མིང་ཁྲིམས་དང་མཐུན་པར་འགན་ལེན་བྱེད་པ། ཚོང་གཉེར་གཙོ་བོའི་མིང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། ཚོང་གཉེར་གཙོ་བོའི་འགྲོ་ལུགས་བསྒྲུབ་པའི་ཐོབ་ཚོར་དང་སྟབས་བདེའི་ཚད་ཆེ་རུ་གཏོང་ཆེད། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་གཙོ་བོའི་མིང་རང་བདག་རེ་ཞུ་བྱེད་པའི་མཛུབ་སྟོན་གཏན་འབེབས་བྱས་ཏེ། སྔོན་ལ་གནད་ལ་འཁེལ་བའི་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད་རེ་ཞུ་བྱེད་མཁན་གྱིས་ཁྲིམས་དང་མཐུན་པ་དང་སྟབས་བདེ་ནུས་ལྡན་གྱི་སྒོ་ནས་ཚོང་གཉེར་གཙོ་བོའི་མིང་རེ་ཞུ་བྱེད་པར་ཞབས་འདེགས་ཞུ་བ། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་གཙོ་བོ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་དགོས།

གནད་འཁེལ་མཛུབ་ཁྲིད་བྱེད་པ་རྒྱུན་མཐུད་ངང་དམིགས་ཡུལ་དུ་བྱེད་པ་དང་།  ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གཏན་འབེབས་དང་ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གཏན་འབེབས་ཀྱི་ལག་བསྟར་བྱེད་ཐབས་སོགས་འབྲེལ་ཡོད་གཏན་འབེབས་ཁྱོན་ཡོངས་ནས་ལེགས་སྒྲིག་ཟབ་མོ་དང་ཇེ་ལེགས་སུ་བཏང་། ཚོང་གཉེར་གཙོ་བོའི་མིང་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་དང་། བཀག་འགོག་རང་བཞིན་གྱི་གཏན་འབེབས། རང་བདག་རེ་ཞུ་བྱེད་སྟངས། དྲན་སྐུལ་གལ་ཆེན་སོགས་ཀྱི་ནང་དོན་ལ་དམིགས་ནས། རིགས་མི་འདྲ་བའི་ཚོང་གཉེར་གཙོ་བོའི་མིང་ཞིབ་ཕྲའི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ། ཁྲིད་སྟོན་དངོས་སྒྲུབ་ཕན་ནུས་ལྡན་པ་དང་གོ་བདེ་ཞིང་གོ་སླ་བར་འགན་ལེན་བྱས་ཏེ། རེ་འདུན་ཞུ་མཁན་གྱིས་ཁྲིམས་ལྟར་སྒྲིག་སྲོལ་དང་མཐུན་པ་དང་། སྟབས་བདེ་དང་ནུས་པ་ལྡན་པའི་སྒོ་ནས་ཚོང་གཉེར་གཙོ་བོའི་མིང་རེ་ཞུ་བྱེད་པར་མཛུབ་སྟོན་གསལ་པོ་འདོན་སྤྲོད་བྱ་དགོས། དེ་དང་ཆབས་ཅིག་ཁྲིད་སྟོན་ནང་ད་དུང་རེ་ཞུ་བྱེད་མཁན་ལ་ཁྲིམས་ལུགས་ཀྱི་སྒྲིག་སྲོལ་སློབ་སྦྱོང་བྱེད་པ་དང་། སྤྱི་པའི་གོ་རིམ་དང་གོམས་སྲོལ་བཟང་པོ་བརྩི་སྲུང་བྱེད་པ། འདྲ་བཟོ་མཉམ་བསྲེས་དང་། ཀུན་གྱིས་དགའ་མགུ་བྱེད་པ་སོགས་ཀྱི་ནང་དོན་ཚུད་པའི་ཚོང་གཉེར་གཙོ་བོའི་མིང་རང་བདག་གིས་སྙན་སེང་ཞུ་བའི་འགྲོ་ལུགས་ཐོག་མར་བཟོས་པ་རེད། དེའི་ནང་དོན་ཕུན་སུམ་ཚོགས་པ་དང་། སྐད་ཆ་ཤིན་ཏུ་གསལ་བས་རྒྱལ་ཡོངས་སུ་ཐོག་མར་གསར་གཏོད་བྱས་པ་ཞིག་རེད།

ཞིང་ཆེན་ཡོངས་ཀྱི་ཐོ་འགོད་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་སྒྲོག་འགྲེལ་ལ་ཤུགས་བསྣན་ནས།  རེ་ཞུ་བྱེད་མཁན་གྱིས་ཚོང་གཉེར་གཙོ་བོའི་མིང་གི་འབྲེལ་ཡོད་གཏན་འབེབས་དང་རང་བདག་རེ་ཞུ་བྱེད་སྟངས་ནུས་ལྡན་ངང་ཁོང་དུ་ཆུད་པར་འགན་ལེན་ཏན་ཏིག་བྱེད་པ་དང་། ཚོང་གཉེར་གཙོ་བོའི་མིང་དང་མི་འཚམ་པའི་རྩོད་གཞི་ཁྲིམས་ལྟར་ཡོ་བསྲང་བྱེད་པ། ཚོང་གཉེར་གཙོ་བོའི་མིང་དང་འབྲེལ་བའི་རྩོད་གཞི་ཚད་ལྡན་ཐག་གཅོད་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་གྱི་ཚོང་གཉེར་གཙོ་བོའི་མིང་ཐོ་འགོད་དོ་དམ་ཚད་ལྡན་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།

ཏིང་འཛིན་མཚོ་མོས་བསྒྱུར།