མདོ་ལ་རྫོང་གིས་ཚོང་འགུག་དངུལ་འདྲེན་གྱི་དཔྱིད་དུས་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ།
2025.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོར།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་དམིགས་ནས་ནུས་ཁུངས་གསར་བ་དང་སྐྱེ་ཁམས་ཕྱུགས་ལས།  དམའ་དབྱིངས་དཔལ་འབྱོར་སོགས་ཐོན་ལས་གཙོ་ཁག་གཞིར་བཟུང་ནས།  ནུས་ཤུགས་ཡོད་རྒུས་ཚོང་འགུག་དངུལ་འདྲེན་བྱེད་པ་དང་ལས་གཞི་གལ་ཆེན་མཁྲེགས་གཏོར་བྱེད་པ།  འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ།  ཕྱོགས་ཡོངས་ནས་ལས་སྒྲུབ་ལས་སྐྲུན་གྱི་མཐོ་རླབས་འཕྱུར་བར་བྱས་ཏེ།  སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་བཏོན།  ད་ལྟའི་བར་དུ།  མདོ་ལའི་ཆུ་མིག་གསར་སྤེལ་སོགས་ཀྱི་ལས་གཞིར་ཆིངས་ཡིག་བཀོད་པ་དང་།  སྤྱིའི་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་བདུན་ལྷག་བཏང་ཡོད།  ཚོང་འགུག་དངུལ་འདྲེན་ལས་གཞི38གྲ་སྒྲིག་བྱས་ཡོད་ལ།  སྤྱིའི་མ་དངུལ་ཧ་ལམ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་བྱེ་བ་གཅིག་ལྷག་གཏོང་དགོས། 

མདོ་ལ་རྫོང་གིས་ཚོང་འགུག་དངུལ་འདྲེན་བྱ་བའི་ཆེད་སྦྱོང་འཛིན་གྲྭ་བསྡུས་ཏེ།  ནུས་ཁུངས་གསར་བ་དང་ཞིང་ཕྱུགས་ལས།  རིག་གནས་ཡུལ་སྐོར།  མཁར་གྲོང་འཛུགས་སྐྲུན།  ཐོན་སྐྱེད་ནུས་ཤུགས་གསར་བ།  བཟོ་ལས་གླིང་ཁུལ།  ཁྱད་ལྡན་ཐོན་ལས་བཅས་ཁག་བདུན་གྱི་ཐོན་ལས་སྦྲེལ་གྱི་ཚོང་འགུག་དངུལ་འདྲེན་འགན་སྲུང་ཚོ་ཆུང་རྩ་འཛུགས་བྱས་ཏེ།  རྫོང་རིམ་པའི་མགོ་ཁྲིད་གཅིག་དང་ལས་ཁུངས་གཅིག   ཞབས་ཞུའི་ཚོགས་པ་གཅིག་བཅས་གཞི་གཅིག་ཅན་གྱི་ཚོང་འགུག་རྣམ་པ་གསར་བ་དང་།  གཅིག་རྟེན་གཅིག་འབྲེལ་དང་རིམ་དབྱེ་དོན་འཁྱོལ།  རང་འགན་རང་སྒྲུབ་གྱི་བྱ་བའི་འཁོར་བསྐྱོད་རྐྱེན་སྲོལ་བཙུགས།

མདོ་ལ་རྗོང་གིས་ཚོང་འགུག་དངུལ་འདྲེན་བྱེད་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུད་ལམ་གལ་ཆེན་དུ་བཟུང་ནས།  ཕྱོགས་ཡོངས་ནས་ཚོང་འགུག་ལ་ཤུགས་སྣོན་པའི་རྣམ་པ་གསར་བ་བསྐྲུན་པ་དང་།  པེ་ཅིང་དང་སི་ཁྲོན་སོགས་ས་གནས་སུ་མདོ་ལ་རྫོང་ཚོང་འགུག་དངུལ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་། གན་རྒྱ་འཇོག་པའི་ཚོགས་འདུ། བཞུགས་མོལ་ཚོགས་འདུ་བཅས་བསྡུས་ཏེ།  ཚོང་འགུག་དངུལ་འདྲེན་གྱི་ནུས་པ་མཐོར་འདེགས་དང་རྫོང་ཁོངས་ཀྱི་ཚོང་འགུག་སྣེ་ཁྲིད་དང་།  གླིང་ཁུལ་གྱི་གསར་གཏོད་ཚོང་འགུག  ཚོང་འགུག་མཐུན་སྦྱོར་ལ་རོགས་སྐྱོར་སོགས་ཚོང་འགུག་ལས་འགུལ་བཅུ་ལྷག་སྤེལ།

དེར་མ་ཟད།  མདོ་ལ་རྗོང་གིས་ཧུར་བརྩོན་སྒོས་ཐོག་མར་ལས་གཞིར་གན་རྒྱ་འཇོག་པ་དང་དེ་ནས་ལས་མགོ་རྩོམ་པ།  མཐར་ལས་གཞི་ལེགས་འགྲུབ་བྱས་ནས་ཐོན་སྐྱེད་བྱེད་པའི་གཞི་གཅིག་ཅན་གྱི་རྗེས་འདེད་ཞབས་ཞུའི་རྐྱེན་སྲོལ་གསར་སྐྲུན་བྱས་པ་དང་།  ལས་གཞིའི་འཛུགས་སྐྲུན་བྱེད་ཡུལ་གྱི་ས་གནས་སོགས་ཀྱི་ཕྱོགས་ནས་གོ་རིམ་ཧྲིལ་བོའི་ཞབས་ཞུ་དང་།  དུས་ངེས་མེད་ཀྱི་ཞབས་ཞུ།  ཚེ་གང་ཞབས་ཞུ་བཅས་ཀྱི་ལས་གཞི་གཙོ་བོའི་འགན་གཙང་ལེན་ལ་སྐུལ་འདེད་རྐྱེན་སྲོལ་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དུ་གཏོང་བ་དང་།  མདོ་ལའི་ཆུ་མིག་གསར་སྤེལ་ལས་གཞིར་རྗེས་འདེད་ཞབས་ཞུ་མཁོ་སྤྲོད་བྱེད་པ།  སི་ཁྲོན་ལིས་ཀུ་ཞིན་རྒྱུ་ཆ་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་སྒོས་ཁེ་ལས་ཟབ་ཞུགས་དང་།  ཀུང་ཟི་ཐོ་འགོད།  སྒོ་བྱང་འགལ་བ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཡོད།  དེ་དང་ཆབས་ཅིག  ཚོང་འགུག་ཁེ་ལས་ཀྱི་དཀའ་གནད་གཞིར་བཟུང་སྟེ་ཆེད་སྦྱོང་འཛིན་གྲྭའི་ནུས་པ་འདོན་སྤེལ་བྱེད་པ་དང་།  ཆེད་དོན་ཞིབ་འཇུག་སྤེལ་བ།  གནད་དོན་ཐག་གཅོད་ལ་སྐུལ་འདེད་བྱས་ཏེ།  ཧུར་ཐག་གིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན།  ཞབས་ཞུ་ཅན་གྱི་ཚོང་གཉེར་དཔལ་འབྱོར་གསར་བ་བསྐྲུན་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།