མཚོ་སྔོན་ཞིང་ཆེན་ཚོང་ལས་ཐིན་གྱིས་ཁེ་ལས་འཕེལ་རྒྱས་ལ་རོགས་འདེགས་བྱས་ཏེ་ཡིག་ཚགས་མཐོར་འདེགས་བཏང་།
2025.04.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཟླ4བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཚོང་ལས་ཐིན་ནས་སྤེལ་བའི་གནས་ཚུལ་ལྟར་ན། སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་གཏུག་སྟེགས་བུ་སྔར་བས་ཤར་གཏོང་བྱ་ཆེད།  དམངས་ཕན་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་པ་དང་། ཞིང་ཆེན་ཚོང་ལས་ཐིན་གྱིས་ཚོང་དོན་གཟའ་འཁོར་གཉིས་ཀྱི་སྒོར་ཅོག་གྲོས་ཚོགས་བསྡུ་བའི་གྲོས་འཆམ་བྱུང་སྟེ། སྲིད་ཇུས་གནད་ལ་འཁེལ་ཞིང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་པ་དང་། ད་ལྟའི་བར་དུ། སྒོར་ཅོག་གྲོས་ཚོགས་ཐེངས8ལ་བསྡུས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། 

2024ལོའི་ཟླ12པར། ཞིང་ཆེན་ཚོང་ལས་ཐིན་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས། ཚོང་དོན་གཟའ་འཁོར་གཉིས་ཀྱི་སྒོར་ཅོག་གྲོས་ཚོགས་བསྡུས།  གཟའ་འཁོར་གཉིས་ཀྱི་ནང་དུ་སྒོར་ཅོག་ཚོགས་འདུ་ཐེངས་གཅིག་ལ་སྤེལ་བའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། ལོ་ཧྲིལ་བོར་བསྡོམས་པས་ཐེངས26ལ་བཀོད་སྒྲིག་བྱེད་བཞིན་ཡོད། ཚོགས་འདུས་ས་གནས་ཚོང་དོན་སྡེ་ཁག་གཙོ་བོ་དང་ཁེ་ལས་གྱིས་འཐུས་ཚབ་པའི་བཏོན་པའི་རེ་འདུན་གྱི་གྲོས་གཞིར་ཉན་ནས། རྒྱུན་ལྡན་ཅན་གྱི་སྲིད་གཞུང་དང་ཁེ་ལས་འབྲེལ་གཏུག་བྱེད་པའི་རྣམ་པ་བཙུགས་པ་དང་། སྡེ་ཁག་མཉམ་ལས་ལམ་སྲོལ་དང་བར་ཐག་མེད་པའི་འབྲེལ་གཏུག་རྣམ་པ་བཏོད། 

ཁེ་ལས་འཕེལ་རྒྱས་གཏོང་བའི་དཀའ་གནད་སེལ་ཆེད། ཞིང་ཆེན་ཚོང་ལས་ཐིན་གྱིས་སྔོན་ལ་བརྟག་ཞིབ་དང་རྩད་གཅོད་བྱས་ཏེ།  ཁེ་ལས་གྱིས་གནད་དོན་མང་པོ་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། ཁེ་ལས་ཀྱིས་ལྡོག་འདྲེན་བྱས་པའི་བསམ་འཆར་དང་གྲོས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་སྲིད་ཇུས་གྱི་ནུས་པ་མཐོ་རུ་བཏང་། 

དེར་མ་ཟད། ཞིང་ཆེན་ཚོང་ལས་ཐིན་གྱིས་དངུལ་རྩའི་སྒྲིག་གཞི་མང་པོ་ཞིག་ལ་རྒྱུན་རྣམ་ཅན་གྱི་འབྲེལ་གཏུགས་ལམ་སྲོལ་བཙུགས་ཡོད་པ་དང་། ཁེ་ལས་ཆུང་འབྲིང་གི་རྒྱབ་སྐྱོར་ཚད་ཇེ་ཆེར་བཏང་ཡོད་ལ། ལས་རིགས་ཀྱི་ཆེད་མཁས་པ་དང་ཁེ་ལས་ཀྱི་ནུས་པ་ཅན་གྱི་མི་གདན་ཞུ་བྱས་ཏེ།  འཐབ་ཕྱོགས་དང་པོའི་ལས་བཟོ་བ་གྲོས་ཚོགས་ལ་ཞུགས་པ་དང་། ཁེ་ལས་འཕེལ་རྒྱས་འགྲོ་བར་མཛུབ་སྟོན་ཞབས་ཞུ་འདོན་སྤེལ་བྱས།  དེ་དང་ཆབས་ཅིག  གྲོས་ཚོགས་ཀྱི་ནང་དོན་དང་ཞབས་འདེགས་ཞུ་ཡུལ་གཞིར་བཟུང་ནས། འབྲེལ་ཡོད་དམངས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་བཅས་དུས་ཐོག་ཏུ་ཚོགས་འདུར་གདན་འདྲེན་ཞུས་ནས་ཁེ་ལས་ལ་མུ་འབྲེལ་ཅན་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

ཏིང་འཛིན་མཚོ་མོས་བསྒྱུར།