མཚོ་སྔོན་དུ་ཡོང་བའི་ན་གཞོན་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་སྐྱོད་པ་གསུམ་གྱི་བྱ་འགུལ་སྤེལ་མགོ་བརྩམས།
2025.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས23ཉིན། མཚོ་སྔོན་ལ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཐེངས25པ་གཞི་རིམ་དང་སློབ་གྲྭ།  ཁེ་ལས་བཅས་སུ་བསྐྱོད་པའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་དང་ན་གཞོན་འཆད་ཁྲིད་དགེ་རྒན་ཚོགས་པའི་དམིགས་བསལ་གདན་ཞུ་འཆད་ཁྲིད་དགེ་རྒན་གདན་ཞུ་བྱེད་པའི་མཛད་སྒོ་དེ་ཟི་ལིང་དུ་བསྡུས།

སྐྱོད་པ་གསུམ་གྱི་བྱ་འགུལ་ནི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པ་ཞབས་ཞུའི་ཚོགས་པའི་ཆེད་ལས་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་ལ་སྐུལ་འདེད་བྱེད་རྒྱུ་དེ་རེད། བྱ་འགུལ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་དང་མཉམ་འབྲེལ་གྱིས་སྤེལ་བ་ཞིག་ཡིན་པ་དང་། སྐོར་ཐེངས25པའི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཞབས་ཞུའི་འཁོར་ཡུན་ཧྲིལ་པོར་ཁྱབ་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་སྤེལ་བའི་རིང་དུ་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་ཁྲོམ་གཞུང་དང་སྡེ་ཁུལ། རིག་གནས་ཐང་ཆེན། ཞིང་ཁ། གྲོང་གསེབ་ཁེ་ལས་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ཏེ། སྒྲོག་སྤེལ་དང་བརྟག་ཞིབ། ལག་རྩལ་མཛུབ་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་ནས་གཞི་རིམ་གྱི་མང་ཚོགས་དང་གྲོང་གསེབ་ཀྱི་ཁེ་ལས་པར་གནད་ལ་འཁེལ་བའི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་།  མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭ།  སློབ་གྲྭ་འབྲིང་ཆུང་བཅས་སུ་སོང་ནས། བསམ་བློའི་ཆབ་སྲིད་ཀྱི་སློབ་དཔོན་དང་རིག་གཞུང་གི་སློབ་དཔོན། མི་ཚེའི་སློབ་དཔོན་བཅས་ཀྱི་འགན་འཁུར་ཏེ་གཞོན་ནུ་ལོ་ཆུང་རྣམས་ཀྱི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོའི་ཤུགས་ཚད་ཆེ་རུ་གཏོང་བ་དང་ན་གཞོན་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཀྱི་ཞིབ་འཇུག་ནུས་པ་ཆེ་རུ་བཏང་།  ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་དང་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱི་ཁོངས་མིའི་ཁེ་ལས། ན་གཞོན་ལས་སྐྲུན་པའི་གླིང་བཅས་སུ་ཟབ་ཞུགས་བྱས་ཏེ། ལས་རིགས་ཆེད་མཁས་པ་དང་བདེ་ཐང་ཆེད་མཁས་པ།  ཐོན་ལས་ཆེད་མཁས་པ་བཅས་ཀྱི་འགན་འཁུར་ནས་ཁེ་ལས་ལ་སྲིད་ཇུས་དང་དོ་དམ། ལག་རྩལ་བཅས་འདོན་སྤེལ་བྱས།

མགོ་རྩོམ་མཛད་སྒོའི་སྟེང་འབུམ་རམས་པ31ན་གཞོན་དགེ་རྒན་ཚོགས་པའི་དམིགས་བསལ་གདན་ཞུ་འཆད་ཁྲིད་དགེ་རྒན་དུ་གདན་ཞུ་བྱས། ཚང་མས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བཟུང་ནས་མི་སྒེར་གྱི་དམིགས་བསལ་ཡོན་ཏན་དང་། སྡེ་ཚན་གྱི་ཐོན་ཁུངས། དར་རྒྱས་ཆེ་བའི་ས་ཁུལ་གྱི་འདུ་ཤེས། མཚོ་སྔོན་གྱི་གནས་ཚུལ་དངོས་བཅས་མཉམ་འདྲེས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པར་འདོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།