རང་ཞིང་གི་ས་ཆ་སོ་སོས་འགུལ་སྐྱོད་སྤེལ་ནས་སློབ་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས།
2025.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཁྲོད། རང་ཞིང་གི་ས་ཆ་སོ་སོས་འགུལ་སྐྱོད་སྤེལ་ནས། སློབ་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སློབ་སྦྱོང་སློབ་གསོ་ཉིན་རྒྱུན་གྱི་ཁྲོད་འདྲེས་པར་བྱེད་པ་དང་ཉིན་རྒྱུན་དུ་དམ་འཛིན་བྱས་ཏེ། སྤྱོད་ཚུལ་བཟང་བོས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་བ་དང་། ཏང་ཡོན་ལས་བྱེད་པས་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་ལས་སྒྲུབ་ལས་སྐྲུན་བྱེད་པར་སྐུལ་སློང་བྱས།

སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཟི་ལིང་གྲོང་ཁྱེར་གྱི་རྫོང་དང་ས་ཁུལ་སོ་སོས་མྱུར་དུ་འཕྲལ་བསྟུན་བྱེད་ཐབས་སྤྱད་དེ། སློབ་སྦྱོང་སློབ་གསོའི་དོན་སྙིང་གཙོ་བོ་དང་གཙོ་གནད། བྱེད་ཐབས་ལ་རྒྱུས་ལོན་གནད་ལ་འཁེལ་བ་བྱས། བསམ་བློ་དང་འགུལ་སྐྱོད་ཀྱི་རང་རྟོགས་མཐོན་པོས། སློབ་བཤེར་བཅོས་གསུམ་གྱི་བར་ཐག་ལེགས་སྒྲིག་བྱས་པ་དང་། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་མི་སེམས་སུ་འཇགས་པར་སྐུལ་འདེད་བཏང་།

མཚོ་ཤར་གྲོང་ཁྱེར་གྱིས་ཟླ་གཅིག་གི་གཙོ་གནད་བྱ་བའི་འཆར་གཞི་ལ་དམ་དུ་དམིགས་ནས། ཉེ་བའི་ལོ་འགའི་རིང་ལ་རྩད་ཆོད་པའི་དཔེ་མཚོན་དཔེ་གཞི་ལྡོག་ཕྱོགས་ཀྱི་སློབ་གཞི་རུ་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་ཡོན་ལས་བྱེད་པའི་ཐོས་བསམ་སྤྱོད་གསུམ་ཐད་སྣེ་ཁྲིད་བྱས། ལྟ་སྐུལ་གྱི་ཐབས་ལམ་སྣ་མང་ཕྱོགས་བསྡུས་སྒོས་བཀོལ་སྤྱོད་བྱས་ནས། གནད་དོན་ཕྱོགས་ཡོངས་ནས་བཤེར་ཕྱུང་བྱས་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་དཔེ་གཞི་ལ་དབྱེ་ཞིབ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་ཉེན་བརྡ་བཏང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དཔེ་ཀློག་འཛིན་གྲྭ་ལ་རྒྱབ་རྟེན་བྱས་ནས། གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱི་སློབ་སྦྱོང་ནན་ཏན་སྒོས་སྤེལ་བ་དང་། སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཕྱོགས་ཀྱི་གནད་དོན་འཚོལ་ཞིབ་བྱས་པ་དང་། བསམ་བློ་དང་ཆབ་སྲིད། སྤྱོད་ཚུལ། ནུས་པ། སྲིད་གཙང་སོགས་རིམ་ངོས་མང་པོ་ནས་དབྱེ་ཞིབ་ཟབ་མོ་བྱས་ལ། གནད་དོན་གྱི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱས་པ་དང་། ཉེན་བརྡའི་སློབ་གསོར་ཤུགས་བསྣན་ལ། དཔེ་གཞིར་བརྟེན་ནས་ཀུན་སྤྱོད་དང་སྒྲིག་ལམ། བཅའ་ཁྲིམས། འགན་འཁྲི་གླེང་བའི་བྱ་འགུལ་སྤེལ། མང་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་ཁ་གཏད་དེ། མཚོ་ལྷོ་ཁུལ་གྱིས་གསལ་ཕྲ་བཙུགས་པ་དང་། རྩིས་ཐོར་དོ་དམ་བྱས་པ་དང་རྩིས་ཐོ་མེད་པར་བཟོས་ལ། གྱོད་གཞི་ཞིབ་བཤེར་རྩད་གཅོད་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། བྱེད་ཐབས་བཟང་བོས་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བཏང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་དང་། གཞི་རིམ་དུ་བསྐྱོད་པ་བཞིའི་ལམ་ལུགས་དོན་འཁྱོལ་བྱས་ལ། མང་ཚོགས་བློ་མ་ཁེངས་པའི་བྱ་བ་བསྐྱར་ལས་བྱས་ཏེ། གྲུབ་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་བ་སྐོང་ཐབས་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བསླབ་ནས་བློ་སྦྱོང་བྱས་པ་དང་། མི་སྒེར་གྱི་རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། གཞུང་ལུགས་སློབ་སྦྱོང་དང་ཆེད་དོན་བགྲོ་གླེང་། དཔེ་ཀློག་འཛིན་གྲྭ་སོགས་རྣམ་པ་མང་པོ་བརྒྱུད་དེ། ཏང་ཡོན་དང་ལས་བྱེད་པས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་དུས་ཐོག་ཏུ་རྗེས་འདེད་སློབ་སྦྱོང་བྱེད་པ། ཕྱོགས་ཡོངས་ནས་མ་ལག་སྒོས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་སྐོར་ཞིབ། ཉེན་བརྡའི་སློབ་གསོ། རྩིས་བཤེར་ལྟ་སྐུལ། བརྟག་བཤད་ཞིབ་འཇུག འཕྲིན་བཅར་ཡར་ཞུ་སོགས་ཀྱི་ཐབས་ལམ་སྤྱད་དེ། ཕྱོགས་ཡོངས་ནས་གནད་དོན་བཤེར་ཕྱུང་བྱས་པ་དང་། དུས་མཉམ་དུ་ལམ་ལུགས་བྱེད་ཐབས་འཐུས་ཚང་དང་ཡུན་ཕན་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་། དེ་ལས་གཞན། གཅིག་ཁ་བཅུ་སྣོན་གྱི་གཞི་རིམ་ལ་འབྲེལ་འདྲིས་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བྱས་པ་དང་། རང་རྟོགས་སྒོས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ལ། མང་ཚོགས་ཀྱི་བྲེལ་དཀའ་ཕྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱིས་སློབ་སྦྱོང་སློབ་གསོའི་ཐད་ཀྱི་རྣམ་པ་གསར་བ་དང་འགྱུར་ལྡོག་གསར་བ་ཚོར་ཐུབ་པར་བྱས། 

རིན་ཆེན་མཚོས་བསྒྱུར།