ཟླ4པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། 2020ལོ་ནས2024ལོའི་མཚོ་སྔོན་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་རྒྱབ་ཤ་དཀར་པོའི་དཔེ་ཆ་ཡོངས་བསྒྲགས་ཀྱིས་འགྲེམ་སྤེལ་བྱས་པ་དང་། སྤྱི་ཚོགས་ལ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས།
རྒྱབ་ཤ་དཀར་པོའི་དཔེ་ཆ་ལས་ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ལོ་ལྔའི་རིང་གི་ཤེས་བྱའི་བདག་དབང་འདྲི་གཅོད་བྱ་བའི་སྤྱིའི་གནས་ཚུལ་དང་བྱེད་ཐབས་གཙོ་བོ། སྲུང་སྐྱོབ་གྲུབ་འབྲས་སོགས་ཀྱི་ནང་དོན་ཕྱོགས་སྡོམ་བྱས་ཤིང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་སོ་སོས་མཚོ་སྔོན་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་འདྲི་གཅོད་བྱ་བར་རྒྱུས་ལོན་བྱེད་ཚད་དང་ལྟ་སྐུལ་བྱེད་ཚད་མཐོ་རུ་གཏོང་བ་དང་། མཚོ་སྔོན་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པ་དང་ཁྲོམ་རའི་འདྲ་མཉམ་འགྲན་རྩོད་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཆོད་སེམས་དང་ཁྲིམས་འཛིན་ཁག་ཁུར་བཅས་སྤྱི་ཚོགས་ཡོངས་ལ་གསལ་སྒྲོག་བྱེད་ཆེད་ཡིན།
རྒྱབ་ཤ་དཀར་པོའི་དཔེ་ཆ་ལས2020ལོའི་ཚུན་ལ་མཚོ་སྔོན་ཁྲིམས་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་དྲང་གཞག་དང་ལས་ཆོད་ལ་དམིགས་ནས། ཤེས་བྱའི་བདག་དབང་འདྲི་གཅོད་ཀྱིས་ཚན་རྩལ་གསར་གཏོད་ལ་འགན་སྲུང་དང་ཁྲིམས་རའི་འདྲ་མཉམ་འགྲན་རྩོད་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་འགན་ནུས་འདོན་པར་སྐུལ་སྤེལ་བྱས་པ་དང་། ཤེས་བྱའི་བདག་དབང་འདྲི་གཅོད་རྐྱེན་སྲོལ་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། ཁྲིམས་འཛིན་སྲུང་སྐྱོབ་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་གཙོ་ཁྲིད་ནུས་པ་ལོ་རེར་མངོན་གསལ་ཡིན་པ་ངོ་སྤྲོད་བྱས་ཡོད།
ལྷ་མོ་འཚོས་བསྒྱུར།