རབ་མཛེས་མཚོ་སྔོན། ཡིད་འོང་གཅན་ཚའི་རིག་གནས་ཡུལ་སྐོར་ཚོང་འགུག་དང་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་བྱེད་སྒོ་ཐེན་ཅིན་དུ་སྤེལ།
2025.04.29 ཁུངས། ཀློག་གྲངས། 0

ཟླ4བའི་ཚེས28ཉིན། རབ་མཛེས་མཚོ་སྔོན་ཡིད་འོང་གཅན་ཚའི་རིག་གནས་ཡུལ་སྐོར་ཚོང་འགུག་དང་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་བྱེད་སྒོ་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་གྱི་རིག་གནས་ལྟེ་བར་སྤེལ།

ངོ་སྤྲོད་ཚོགས་འདུའི་སྟེང་། པིན་ཧའེ་ཁུལ་གསར་དང་། གཅན་ཚ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན་དག་གིས་མཉམ་གཅིག་དུ་གཙང་ཆབ་ཤག་ཤག་གི་བོད་གྲོང་། ལྗང་ལོ་ལྡེམ་ལྡེམ་གྱི་འབྱུང་འགྱུར་ཞེས་པའི་དྲིལ་བསྒྲགས་གློག་བརྙན་ལ་བལྟས། དེའི་རྗེས་སུ་སྐོར་ཐེངས་གསུམ་གྱི་ཚོང་འགུག་དངུལ་འདྲེན་མཉམ་ལས་རྣམས་གྲངས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་སྤེལ། གཅན་ཚ་རྫོང་གི་རིག་གནས་ཡུལ་སྐོར་ཅུའུ་དང་པེ་ཅིན་དང་ཐེན་ཅིན་གྱི་ཁེ་ལས་ཁྱིམ་ཚང་བཞི་ཡིས་མིང་རྟགས་འགོད་པའི་གྲོས་མཐུན་བཞག་པ་དང་། ཕྱོགས་གཉིས་ཀྱིས་ཡུལ་སྐོར་ཐོན་ཁུངས་གཏིང་ཟབ་སྒོས་འདོན་སྤེལ་བྱེད་པ་དང་། ཡུལ་སྐོར་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་པ། ཡུལ་སྐོར་ལས་རིགས་གཉེར་མཁན་སོགས་ཁྱབ་ཁོངས་དང་མཉམ་ལས་ཟབ་མོ་བྱས་ཏེ། ལག་གདང་སྦྲེལ་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་གསར་བ་འཚོལ་ཞིབ་བྱེད་པ་དང་། གཅན་ཚ་རྫོང་གི་ཞིང་ཕྱུགས་ཅུའུ་དང་ཐེན་ཅིན་ཧོས་ཧོང་ཟ་ཁང་དོ་དམ་ཚད་ཡོད་ཀུང་ཟི་དང་གྲོས་མཐུན་བཀོད་ལ། ཕྱོགས་གཉིས་ཀྱིས་གཅན་ཚ་རྫོང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱས་པ་དང་། ལས་ཆོད་ཆེ་བའི་ཐོན་སྐྱེད་དང་ཚོང་གཉེར་སྦྲེལ་མཐུད་མ་ལག་འཛུགས་པ་དང་། པིན་ཧའེ་གཡོ་སྦྱོར་མཐུན་ཚོགས་ཀྱིས་གཅན་ཚ་རྫོང་གི་ཁེ་ལས་གསུམ་ལ་གྲོས་མཐུན་ཆིངས་ཡིག་བཀོད་ནས། ཕྱོགས་སོ་སོས་གཅན་ཚ་རྫོང་ལ་ཁྱད་ལྡན་ཟས་རིགས་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱེད་པའི་མཉམ་ལས་ཀྱི་བསམ་འདུན་ཡི་གེ་བཀོད།

བྱ་འགུལ་ཡུལ་དངོས་སུ། ཁེ་ལས་ཉེར་གཅིག་གིས་བློ་སེམས་ཞིབ་མོས་འགྲེམ་སྟོན་བྱས་ཤིང་། མིག་དབང་འཕྲོག་པའི་གཅན་ཚའི་ཁྱད་ལྡན་ཟས་རིགས་ཐོན་རྫས་སྣ་ཚོགས་ཀྱིས་འགྲེམ་སྟོན་གྱི་ཡུལ་དངོས་སུ་མི་ཚོགས་རབ་ཏུ་བཀུག  ཡུལ་སྐོར་སྐུ་མགྲོན་རྣམས་ཀྱིས་གཅན་ཚའི་ནོར་ཤ་དང་ལུག་ཤ་རོལ་མྱོང་བྱས་ལ། རིག་གནས་ཡུལ་སྐོར་ཐོན་རྫས་སྣ་ཚོགས་མངགས་ཉོ་བྱས་ནས། གཅན་ཚའི་ཁྱད་ལྡན་འགུག་ཤུགས་ལ་དངོས་སུ་མྱོང་རོལ་བྱས།

 ཐེངས་འདིའི་བྱ་འགུལ་གྱིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་རོགས་རེས་དང་བརྗེ་རེས་བརྒྱུད་ནས། ཐེན་ཅིན་མི་དམངས་ལ་ཕྱོགས་ཡོངས་ནས་གཅན་ཚ་རྒྱུས་ལོན་བྱེད་དུ་བཅུག ཐེངས་འདིའི་ཆེད་དོན་ངོ་སྤྲོད་ཚོགས་འདུའི་སྟེགས་བུ་བརྒྱུད་ནས། གཅན་ཚ་རྫོང་གིས་ཁྱད་ལྡན་ཐོན་རྫས་ལ་ཁྲོམ་ར་སྔར་ལས་རྒྱ་ཆེ་རུ་སྐྱེད་པ་དང་། རོགས་སྐྱོར་གྱི་ཕན་འབྲས་ཇེ་ཆེར་བཏང་པ་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་སྒོས་འཕེལ་རྒྱས་སུ་བཏང་།

ད་ལོར་ཐེན་ཅིན་གྲོང་ཁྱེར་དང་རྨ་ལྷོ་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱ་བ་སྒྲུབ་ནས་ལོ་བཅོ་ལྔ་ཏག་ཏག་འགོར་བའི་སྐབས་རེད། ལོ་ངོ་བཅོ་ལྔའི་ལག་རྡང་མཉམ་སྦྲེལ་གྱི་གོ་རིམ་ཁྲོད་དུ། ཐེན་ཅིན་གྲོང་ཁྱེར་གྱིས་བཟོ་བཀོད་ཆེན་མོ་ལྔ་དང་འཇོན་མི་བརྗེ་རེས། ཐོན་ལས་གྲོས་མཐུན། དམངས་ཚིས་ལེགས་སྒྱུར། བརྗེ་རེས་མཉམ་འདྲེས། སློབ་གསོ་སྨན་བཅོས་སོགས་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ནུས་ཤུགས་གང་ཡོད་བཏོན་ཏེ། རྨ་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་སྐུལ་འདེད་བཏང་། ཐེངས་འདིའི་སྐུལ་སྤེལ་བྱ་འགུལ་ནི། ས་ཁུལ་གཉིས་ཀྱིས་ལག་རྡང་མཉམ་སྦྲེལ་གྱིས་མཉམ་ལས་གཏིང་ཟབ་བྱས་པའི་དན་རྟགས་རེད་ལ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཐེན་ཅིན་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་ས་གཞིའི་སྟེང་དུ་རྣམ་པར་བཞད་ཡོད་པ་མཚོན།

ཏིང་འཛིན་མཚོ་མོ་དང་སྐལ་བཟང་རྣམ་རྒྱལ་གཉིས་ཀྱིས་བསྒྱུར།