མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞི་གྲངས་གསར་བ་ལྟར་ན། ཟླ་གསུམ་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གཞི་རྩའི་རྒན་གསོ་དང་ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་སོ་སོ་ཐེར་འབུམ་གཅིག་དང་བྱེ་བ་བདུན་ས་ཡ་གཅིག་དང་། དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བཞི། དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་བདུན་བཅས་ཡིན་ལ། ལོ་སྔོན་མ་དང་བསྡུར་ན་སོ་སོར་ས་ཡ་བཞི་དང་འབུམ་བཞི་ཁྲི་གཉིས་དང་། ས་ཡ་གཉིས་དང་འབུམ་ལྔ་ཁྲི་དྲུག ས་ཡ་གཉིས་དང་འབུམ་བདུན་ཁྲི་གཅིག་བཅས་འཕར་ཡོད།
ལས་ཞུགས་ལས་རྣམ་གསར་བའི་མི་སྣའི་ལས་རིགས་ཀྱི་གནོད་འཚེའི་འགན་སྲུང་དེ་རྣམ་པ་གསར་བའི་ལས་རྨས་འགན་བཅོལ་ཡིན་པའི་ཆ་ནས། དེ་ཚོད་ལྟའི་ས་ཁུལ་དུ་རྒྱུན་མཐུད་བརྟན་བརླིང་སྒོས་ལག་བསྟར་བྱེད་བཞིན་ཡོད། ཟླ་གསུམ་པའི་ཟླ་མཇུག་བར། ཟས་སྐྱེལ་བ་དང་། དྲ་འབོད་རླངས་འཁོར་ཁ་ལོ་བ་སོགས་སྟེགས་བུའི་ལས་ཞུགས་མི་སྣ་འགན་བཅོལ་ནང་ཞུགས་མཁན་མི་བྱེ་བ་གཅིག་དང་ས་ཡ་གཅིག་ཁྲི་བཞིར་སླེབས།
མ་དངུལ་གྱི་ཡོང་སྒོ་དང་འགྲོ་སོང་ཐད་ནས། དུས་ཚིགས་དང་པོའི་གཞི་རྩའི་རྒན་གསོ་དང་ལས་ཤོར། ལས་རྨས་བཅས་སྤྱི་ཚོགས་འགན་བཅོལ་རིགས་གསུམ་གྱི་མ་དངུལ་སྤྱིའི་ཡོང་སྒོ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་ལྷག་ཡིན་པ་དང་། སྤྱིའི་འགྲོ་སོང་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ལྷག་ཡིན་ལ། ཟླ་གསུམ་པའི་ཟླ་མཇུག་གི་སྡོམ་རྩིས་ལྟར་ན་སྒོར་ཁྲག་ཁྲིག་ཆེན་མོ་དགུ་ལྷག་ལ་སླེབས་པ་དང་། མ་དངུལ་འཁོར་རྒྱུག་གནས་ཚུལ་སྤྱིའི་ཆ་ནས་གཏན་འཇགས་རེད།
ཚད་མཐའ་སྲུང་བ་དང་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་འགན་སྲུང་ཕྱོགས་ནས། དུས་ཚིགས་དང་པོར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དམའ་སྲུང་བྱ་ཡུལ་དང་དཀའ་ཁག་ཆེན་པོ་ཡོད་པའི་མི་སྣ་ས་ཡ་བརྒྱད་དང་འབུམ་གཉིས་ཁྲི་དྲུག་གི་གྲོང་རྡལ་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་དངུལ་ཚབ་སྤྲོད་བྱས་ཤིང་། དེ་ལས་གཞན། ད་དུང་ལས་ཤོར་འགན་བཅོལ་མ་དངུལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་མ་དངུལ་ཚབ་སྤྲོད་བྱེད་པ། རིན་གོང་གནས་སྐབས་ཁ་གསབ་སྤྲོད་པ་སོགས་ལས་ཤོར་འགན་བཅོལ་མ་དངུལ་ཐེར་ཆེན་གསུམ་དང་ཐེར་འབུམ་དྲུག་དུང་ཕྱུར་ལྔ་བྱེ་བ་བཞི་བྱིན་པ་རེད།
ལྷ་མོ་འཚོས་བསྒྱུར།