ལྔ་གཅིག་གུང་གསེང་སྐབས་སུ་རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་སྐྱེལ་ཚད་འཕར་བ་རྒྱུན་སྲུང་བྱས།
2025.05.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

གསར་འགོད་པས་ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ5པའི་ཚེས3ཉིན། སྔོན་རྩིས་བྱས་ནས་རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་བ་སྐྱེལ་ཚད་མི་ཐེངས་བྱེ་བ་གཅིག་དང་ས་ཡ་བརྒྱད་ལ་སླེབས་པ་དང་། འགྲུལ་སྐྱེལ་མེ་འཁོར་སྟོང་གཅིག་དང་ལྔ་བརྒྱ་རེ་གསུམ་ཁ་སྣོན་བྱེད་པའི་འཆར་གཞི་བཀོད། ཟླ5པའི་ཚེས2ཉིན། རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་བ་སྐྱེལ་ཚད་མི་ཐེངས་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་ལྔ་ཁྲི་ལྔ་ལ་སླེབས་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་གཅིག་གིས་འཕར་ཞིང་། སྐྱེལ་འདྲེན་བདེ་འཇགས་གཏན་འཇགས་དང་གོ་རིམ་ལྡན་པ་ཞིག་རེད།

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་འགྲུལ་སྐྱེལ་པུའུ་ཡི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་རྒྱུར། ལྔ་གཅིག་གུང་གསེང་སྐབས་སུ། ཡུལ་ལ་ལོག་པ་དང་ཡུལ་སྐོར་ལ་འགྲོ་བ་སོགས་ཀྱི་འགྲུལ་སྐྱོད་དགོས་མཁོ་མང་པས། ལྕགས་ལམ་གྱི་འགྲུལ་སྐྱེལ་ཚད་འཕར་བའི་སྣང་ཚུལ་མངོན་པ་དང་། ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས2ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་བ་སྐྱེལ་ཚད་བསྟུད་མར་ཉིན་གསུམ་གྱི་འཕར་ཚད་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཅུ་ལས་བརྒལ་ཞིང་། ལྷག་པར་དུ་ཟླ5པའི་ཚེས1ཉིན་མི་ཐེངས་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་གཅིག་ཁྲི་གཅིག་དང་སྟོང་དགུ་ལས་བརྒལ་བ་དང་། ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཀོད།

ལྷ་མོ་འཚོས་བསྒྱུར།