ས་ཆ་སོ་སོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལང་ཚོའི་ཁག་ཁུར་མངོན་པར་བྱེད་ཅེས་པའི་ལྔ་བཞིའི་གུང་གཞོན་ཚོགས་པའི་བརྗོད་དོན་ཉིན་མོའི་བྱ་འགུལ་སྤེལ།
2025.05.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ད་ལོའི་ལྔ་བཞིའི་ན་གཞོན་དུས་ཆེན་སྐབས་སུ། རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་ལང་ཚོའི་ཁག་ཁུར་མངོན་པར་བྱེད་ཅེས་པའི་བརྗོད་དོན་ལ་དམིགས་ཏེ། དོན་དངོས་ལ་རྐང་བཙུགས་པའི་སྒོ་ནས་ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་གསར་བ་དང་ན་གཞོན་དང་དམ་དུ་འབྲེལ་བའི་ལྔ་བཞིའི་གུང་གཞོན་ཚོགས་པའི་བརྗོད་དོན་ཉིན་མོའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་ནས། རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་མུ་མཐུད་འབད་འཐབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་འཛུགས་སྐྲུན་ཁྲོད་ཁག་ཁུར་མངོན་པར་ཁྲིད་སྟོན་བྱས།

ཡུན་ཐུང་སློབ་ཁྲིད་ལས་གནས་ལུགས་ཆེན་པོ་རྟོགས་ཐུབ། རིམ་པ་སོ་སོའི་གུང་གཞོན་ཚོགས་པས་བརྗོད་དོན་དྲིལ་སྒྲོག་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་བྱས་པ་བརྒྱུད། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཞིང་། ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྡུད་བྱས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཡུལ་རྣམ་ཟློས་གར་དང་། ཁ་བརྡ་བཅར་འདྲི། མཉམ་ལེན་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་དེ་བསམ་བློ་ཆབ་སྲིད་ཀྱི་བརྗོད་དོན་སློབ་ཁྲིད་རབ་དང་རིམ་པ་བཀོད་སྒྲིག་བྱས། གུང་གཞོན་ཚོགས་པ་ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུས་ན་གཞོན་གྱི་དཔེ་མཚོན་དང་། གཞུང་ལུགས་ཆེད་མཁས་པ། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བཅས་གདན་དྲངས་ནས་ལང་ཚོའི་སྟོབས་ཤུགས་ཕུལ་བའི་གཏམ་རྒྱུད་གང་མང་ཚང་མའི་སྙན་ལམ་དུ་བཞག ཧུའུ་པའེ་ཧྭ་ཀྲུང་དགེ་ཐོན་སློབ་ཆེན་གྱི་གུང་གཞོན་ཚོགས་པ་ཏང་ཨུས་གུང་གཞོན་ཚོགས་པའི་ཡུལ་རྣམ་འཁྲབ་སྟོན་ཉི་འོད་དང་འགྲོགས་ནས་མདུན་དུ་བསྐྱོད་ཅེས་པའི་སློབ་ཁྲིད་བྱས་ནས། ན་གཞོན་སློབ་མས་ཕུགས་བསམ་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱས།

མཚོན་དོན་རང་བཞིན་གྱིས་འོས་འགན་འདུ་ཤེས་ཀྱི་ངར་ཤུགས་སློང་དགོས། རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་བརྗོད་དོན་གུང་ཚོགས་པའི་ཉིན་མོ་དང་། མཚོན་དོན་སློབ་གསོ་སོགས་ལ་གཞི་བཅོལ་ཏེ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཁྲོད་དུ་འོས་འགན་ཕྲག་ཏུ་ཁུར་བར་འབོད་སྐུལ་བཏང་། གུང་གཞོན་ཚོགས་པ་ཅང་སུའུ་ཞིང་ཆེན་ཏང་ཨུ་ཡིས་ནན་ཅིན་ཡུས་ཧྭ་ཐེ་རུ་གུང་གཞོན་ཚོགས་མི་གསར་བའི་འཐུས་མི་གཅིག་བསྡུས་ཀྱིས་གུང་གཞོན་ཚོགས་པར་ཞུགས་པའི་མཚོན་དོན་བྱེད་སྒོ་སྤེལ་ཏེ། གུང་གཞོན་ཚོགས་པས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ངར་ཤུགས་བསླངས། གུང་གཞོན་ཚོགས་པ་ཀན་སུའུ་ཞིང་ཆེན་ཏང་ཨུ་ཡིས་མཚོན་དོན་སློབ་གསོ་དང་། དངོས་ཚོར་ཉམས་ལེན། སྤྱི་ཚོགས་ཚོགས་པའི་འགྲེམ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ན་གཞོན་རྣམས་ཀྱིས་སློབ་པ་དང་བསམ་གཞིགས་གཏོང་བ། ལག་ལེན་དང་གོ་རྟོགས་བསྐྱེད་པའི་ཁྲོད་དུ་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་པར་ཁྲིད་སྟོན་བྱས། ཞིན་ཅང་མྱུར་སྐྱེལ་ལས་རིགས་གུང་གཞོན་ཚོགས་པ་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གུང་གཞོན་ཚོགས་པ་ཏང་ཨུ་ཡིས་མཉམ་འབྲེལ་སྒོས་གུང་གཞོན་ཚོགས་པའི་མཉམ་འབྲེལ་བྱ་འགུལ་སྤེལ་བ་དང་། ཡུལ་དངོས་ལྟ་ཞིབ་དང་། གཞུང་ལུགས་སློབ་སྦྱོང་། བརྗེ་རེས་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ཀྱིས་རྒྱབ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ལང་ཚོའི་ཁག་ཁུར་མངོན་པའི་བློ་འབྱེད་ལྡེ་མིག་འཚོལ་བར་ཁྲིད་སྟོན་བྱས།

ཟབ་ཞུགས་ལ་བརྟེན་ནས་འགན་འཁྲིའི་འདུ་ཤེས་ཤུགས་དྲག་ཏུ་བཏང་། རིམ་པ་སོ་སོའི་གུང་གཞོན་ཚོགས་པས་རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་ལག་ལེན་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། གུང་གཞོན་ཚོགས་པ་དང་ན་གཞོན་མང་པོ་རྒྱ་ཁབ་ཏུ་ཟབ་ཞུགས་བྱེད་དུ་བཅུག གུང་གཞོན་ཚོགས་པ་ཧྥུའུ་ཅན་གྱི་ཁུལ་དང་གྲོང་ཁྱེར་གྱི་ཏང་ཨུས་སྙན་རྩོམ་དང་གླུ་ཚིག་བརྩམས་ཆོས། ལྔ་བཞིའི་བརྗོད་དོན་འགྲེམ་སྟོན། རིག་རྩལ་མངོན་སྟངས་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། དུས་རབས་གསར་པའི་ན་གཞོན་རྣམས་ཀྱི་རྒྱལ་ཁབ་ལ་གཅེས་སེམས་འབུལ་བའི་ངར་ཤུགས་བསྐྱེད། གུང་གཞོན་ཚོགས་པ་ཅང་ཞི་ཀན་ཅང་ཁུལ་གསར་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ཀྱིས་རུའུ་ཡུའེ་ཧུའུ་པིན་གཙང་འགྲམ་སྤྱི་གླིང་དུ་ན་གཞོན་གྱི་རྐང་རྒྱུགས་འགྲན་སྡུར་སྤེལ་ནས། ཞིང་ཆེན་ནང་ཁུལ་གྱི་སློབ་རིམ་སློབ་གྲྭ་བདུན་ནས་ཡོང་བའི་ན་གཞོན་སློབ་མ་ཉིས་བརྒྱ་ལྷག་ཞུགས་ཡོད། ཧའར་པིན་རོལ་དབྱངས་སློབ་གླིང་གུང་གཞོན་ཚོགས་པ་ཏང་ཨུ་ཡིས་ལང་ཚོའི་དགྱེས་གླུ་ཞེས་པའི་བྱ་འགུལ་སྤེལ་ནས་དམར་དམག་གི་དཔེ་མཚོན་གླུ་དབྱངས་གང་མང་ཞིག་བླངས།

ཐོབ་ཚོར་ཡོད་པས་ལས་བདེ་སྐྱིད་ཀྱི་ཚོར་བ་མྱོང་ཐུབ། རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་ལས་གཏོད་ལས་ཞུགས་ཀྱིས་ནུས་ཤུགས་སྩོལ་བ་དང་། དང་བླངས་ཞབས་ཞུའི་རྣམ་པ་གསར་དུ་བཏོད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ན་གཞོན་རྣམས་ལ་འཚར་ལོངས་འབྱུང་བ་དང་འཇོན་ཐང་བསྐྱེད་པའི་སྟེགས་བུ་བསྐྲུན། གུང་གཞོན་ཚོགས་པ་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་ཡིས་ཐེན་ཅིན་གྲོང་ཁྱེར་ཚན་རྩལ་གསར་གཏོད་ཀྱི་ན་གཞོན་འཕྲལ་རྒོལ་རུ་དཔུང་འཛུགས་སྐྲུན་འགུལ་སྐྱོད་སྤེལ་མགོ་བརྩམས་ཏེ། སྤུས་ལེགས་སྔོན་བརྩོན་དང་། ཚན་རྩལ་འགག་སྒྲོལ། གསར་གཏོད་ནུས་བསྐྱེད། ནུས་རྩལ་འགྲན་སྡུར་སོགས་ཀྱི་ལས་རྐང་འཛུགས་སྐྲུན་གྱི་བྱ་འགུལ་རྒྱ་ཁྱབ་ངང་སྤེལ་ནས། མཐོ་རིམ་སློབ་གྲྭ་དང་ཁེ་ལས། ཚན་རིག་ཞིབ་འཇུག་སློབ་གླིང་དང་ཁེ་ལས་བར་དུ་འབྲེལ་ཟམ་བཙུགས། གུང་གཞོན་ཚོགས་པ་ཀོང་ཏུང་ཞིང་ཆེན་ཏང་ཨུས་ཆེད་དོན་ལས་བསྡུའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། མཐོ་རིམ་སློབ་གྲྭ་མང་པོ་རྩ་འཛུགས་བྱས་ནས་ལས་ཞུགས་དཔེ་སྟོན་སྒྲོག་འགྲེལ་བྱ་འགུལ་སྤེལ། གུང་གཞོན་ཚོགས་པ་ཧྲན་ཏུང་ཙི་པོ་གྲོང་ཁྱེར་ཏང་ཨུས་ན་གཞོན་དང་བླངས་པ་རྩ་འཛུགས་བྱས་ཏེ་ཐད་གཏོད་ལ་བརྟེན་ནས་ཞིང་བར་རོགས་བྱེད་པ། དམངས་ཚིས་ཞབས་ཞུ། རིག་གནས་མཐོར་འདེགས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ས་གནས་མང་ཚོགས་ལ་གནད་འཁེལ་གྱི་ཞབས་ཞུ་འདོན་སྤྲོད་བྱས།

རྒྱུས་ལོན་པ་ལྟར་ན། ལྔ་བཞིའི་ན་གཞོན་དུས་ཆེན་གྱི་ཉིན་མོར། གུང་གཞོན་ཚོགས་པ་ཀྲུང་དབྱང་སྨྱན་བྱད་སྟེགས་བུས་དྲ་ལམ་ཐད་གཏོང་གི་རྣམ་པ་སྤྱད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལང་ཚོའི་ཁག་ཁུར་མངོན་པར་བྱེད་ཅེས་པའི་ལྔ་བཞིའི་ན་གཞོན་དུས་ཆེན་གྱི་བརྗོད་དོན་ཁྱབ་སྒྲོག་བྱ་འགུལ་འགྲེམས་སྤེལ་བྱས་ཤིང་། ཁྱབ་ཁོངས་སོ་སོའི་ན་གཞོན་གྱི་འབད་འཐབ་གཏམ་རྒྱུད་ལ་བརྟེན་ནས་དུས་རབས་གསར་པའི་ན་གཞོན་བསྐྱོད་ལམ་གསར་བར་འབད་པས་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་བློའི་ཉམས་འགྱུར་མངོན་པར་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།