མཚོ་སྔོན་གྱིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆའི་གཏའ་འཇོག་དངུལ་བུན་ཐོག་མ་དོན་འཁྱོལ་བྱས།
2025.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཉེ་ལམ་གཏམ་བཟང་ཞིག་སྤེལ་བ་སྟེ། གྲོང་གསེབ་ཀྱི་ས་ཞིང་ཐོན་ཁུངས་བེད་སྤྱོད་ཐུབ་པ་དང་། ཞིང་བའི་རྒྱུ་ནོར་ཁེ་དབང་ཇེ་མང་དུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ལ་མཛུབ་སྟོན་བྱས་ཏེ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཞིས་པོ་གྲོང་རྡལ་གྱི་ཏུང་པོ་སྡེ་བའི་ཁེ་ལས་ལ་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆའི་གཏའ་འཇོག་དངུལ་བུན་གྱི་ཐོག་མའི་མ་དངུལ་སྒོར་ས་ཡ་ལྔ་འབུམ་དྲུག་བྱིན་ནས། རང་ཞིང་གིས་དུས་ཡུན་རིང་བོར་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆའི་གཏའ་འཇོག་མིང་ཐོ་འགོད་དཀའ་བ་དང་། དཔྱད་དཔོག་བྱེད་དཀའ་བ། ཚོང་རར་འཁོར་རྒྱུག་བྱས་པ་ཆ་མི་ཚང་བ་སོགས་ཀྱི་དཀའ་གནད་བདེ་ལེགས་ངང་སེལ་རོགས་བྱས།

ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཡི་རང་བྱུང་ཐོན་ཁུངས་ཅུའུ་དང་། ཞིང་སྡེའི་བདག་གཉེར་དཔལ་འབྱོར་དོ་དམ་ས་ཚིགས། གཏན་འཇགས་རྒྱུ་ནོར་ཐོ་འགོག་ཞབས་ཞུ་ལྟེ་གནས་སོགས་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆའི་གཏའ་འཇོག་ཐོ་འགོད་བྱ་བར་གཅིག་འདོམས་སྐུལ་འདེད་བཏང་བ་དང་། ཁོངས་གཏོགས་ནང་ཁུལ་གྱི་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ལ་སྐུལ་འདེད་ཀྱིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆའི་གཏན་འཇགས་རྒྱུ་ནོར་གཏའ་གཇོག་ཐོ་འགོད་བདེན་དཔང་ཐོག་མ་བདེ་ལེགས་ངང་བླངས་པ་དང་། རང་ཞིང་གིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆའི་གཏའ་འཇོག་དངུན་བུན་ཐོག་མ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་ལས་ཁུངས་ཚད་ལྡན་ཅན་དུ་འགྱུར་བར་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆའི་གཏའ་འཇོག་དངུན་བུན་གྱི་ཉམས་མྱོང་བཟང་པོ་འདོན་སྤྲོད་བྱས།

ཉེ་བའི་ལོ་འདི་འགར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ལས་ཁུངས་ཀྱི་སྣེ་ཁྲིད་དེ་རོང་འབྲོག་ས་ཁུལ་གྱི་བདག་གཉེར་གཙོ་གཞིའི་དངུལ་བསྡུའི་རྒྱུ་ལམ་རྒྱ་བསྐྱེད་པ་དང་། རྒྱུན་མཐུད་སྒོས་དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་། དུས་མཉམ་དུ། དངུལ་རྩའི་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ཏེ་རོང་འབྲོག་ས་ཁུལ་གྱི་རིགས་སོ་སོའི་རྒྱུ་ནོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། ནགས་དབང་ལམ་ལུགས་གཏའ་འཇོག་དངུན་བུན་དང་། ཞིང་ལས་རྒྱལ་དབང་ས་ཞིང་བེད་སྤྱོད་དབང་ཆ་གཏའ་འཇོག་དངུལ་བུན། ཕྱུགས་ཟོག་གཏའ་འཇོག་དངུལ་བུན་སོགས་དངུལ་བསྡུའི་རྣམ་པ་གསར་བ་རབ་དང་རིམ་པ་གསར་སྤེལ་བྱས་ནས། རོང་འབྲོག་ས་ཁུལ་གྱི་བདག་གཉེར་གཙོ་གཞིའི་དངུལ་བསྡུའི་སྣ་མང་གི་དགོས་མཁོ་བསྐངས་ཡོད། 2025ལོའི་ཟླ་གསུམ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ནགས་དབང་གཏའ་འཇོག་དངུལ་བུན་ཐད་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གསུམ་ཡོད་ལ། རྒྱལ་དབང་ཞིང་ས་བེད་སྤྱོད་དབང་ཆའི་གཏའ་འཇོག་དངུལ་བུན་ལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཡོད་པ་དང་། བསྡོམས་པས་ཕྱུགས་ཟོག་གཏའ་འཇོག་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་དགུ་བྱེ་བ་བདུན་བྱིན་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།