ཞིབ་དཔྱོད་ལས་ཁུངས་ཀྱི་རིག་ནུས་ཅན་གྱི་འཛུགས་སྐྲུན་དང་ཚོད་ལྟའི་བྱ་བ་བསྒྲུབ་མགོ་བརྩམས།
2025.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་སོ་སོའི་ཞིབ་དཔྱོད་ལས་ཁུངས་ནས་གྱོད་དོན་འབྲེལ་བའི་ཉེས་མིང་དང་གྱོད་གཞིའི་འབྱུང་རྐྱེན་བདམས་པ་དང་། འགག་རྩའི་ལས་སྒོའི་རྣམ་པ་དང་གྱོད་དོན་ཐག་གཅོད་པའི་དཀའ་གནད་ལ་དམིགས་ནས། ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་ཁ་ཤས་རྩ་འཛུགས་བྱས་ཏེ་ད་ལོའི་ཟླ་བཞི་པ་ནས་བཟུང་ཞིབ་དཔྱོད་ལས་ཁུངས་ཀྱི་རིག་ནུས་ཅན་གྱི་འཛུགས་སྐྲུན་དང་ཚོད་ལྟའི་བྱ་བ་བསྒྲུབ་མགོ་བརྩམས་པ་དང་། དུས་རབས་གསར་བའི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུས།

ཞིབ་དཔྱོད་ལས་ཁུངས་ཀྱི་རིག་ནུས་ཅན་གྱི་འཛུགས་སྐྲུན་དང་ཚོད་ལྟའི་བྱ་བ་ནི་ཞིབ་དཔྱོད་དཔོན་པོས་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། ལྟ་སྐུལ་འགན་སྒྲུབ་ནུས་པ་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཀྱིས་ཞིབ་དཔྱོད་བྱ་བར་སྟོབས་ནུས་སྩོལ་བ། ལས་ཆོད་དང་སྤུས་ཚད་མཐོ་བའི་སྒོ་ནས་གྱོད་དོན་རེ་རེ་ལག་བསྟར་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ཞིབ་དཔྱོད་ལས་ཁུངས་ཀྱི་རིག་ནུས་ཅན་གྱི་འཛུགས་སྐྲུན་དང་ཚོད་ལྟའི་སྡེ་ཁག་སྐོར་དང་པོར་པེ་ཅིང་དང་ཧྲང་ཧེ། ཅང་སུའུ། ཀྲེ་ཅང་། ཨན་ཧོས། ཧྲན་ཏུང་། ཧུའུ་པེ། ཀོང་ཏུང་། ཀོང་ཞི། སི་ཁྲོན་སོགས་ཞིང་ཆེན་རིམ་པའི་ཞིབ་དཔྱོད་ལས་ཁུངས་བཅུ་འདུས་ཡོད།

  རྒྱུས་ལོན་བྱུང་བ་ལྟར་ན། རྐུ་འཕྲོག་ཉེས་པ་དང་། མགོ་སྐོར་ཉེས་པ། ཉེན་ཁས་རླངས་འཁོར་བསྐོར་བའི་ཉེས་པ། རྒྱན་འཇོག་ཉེས་པ་སོགས་གྱོད་གཞིར་འབྲེལ་བའི་བྱུང་ཐེངས་མང་བའི་ཉེས་མིང་དང་གྱོད་དོན་གྱི་འབྱུང་ཁུངས་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་རིག་ནུས་ཅན་གྱི་འཛུགས་སྐྲུན་དང་ཚོད་ལྟའི་བྱ་བ་བསྒྲུབ་པའི་དོ་སྣང་བྱེད་ས་གཙོ་བོ་རེད།

ལྷ་མོ་འཚོས་བསྒྱུར།