མཚོ་སྔོན་ཞིང་ཆེན་གྱིས་འཛད་སྤྱོད་ཞུ་གཏུག་གི་གདུབ་སིམ་རྣམ་པའི་རྐྱེན་སྲོལ་བཙུགས།
2025.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གནས་ཚུལ་སྤེལ་བ་ལྟར་ན། འཛད་སྤྱོད་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཞུ་གཏུག་གི་གནད་དོན་མཐོང་བ་དང་འཛད་སྤྱོད་ཁེ་དབང་སྲུང་བའི་དང་ལེན་བྱེད་ཚད་ཇེ་མགྱོགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས12315ཡི་སྟེགས་བུའི་ཞུ་གཏུག་གི་གདུམ་སིམ་རྣམ་པའི་ཐད་གཅོད་རྐྱེན་སྲོལ་བཙུགས་པ་དང་། ཞུ་གཏུག་འབྱོར་ན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་བརྒྱུད་རིམ་ཧྲིལ་བོར་རྗེས་འདེད་བྱེད་པ། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་བཅས་ཀྱི་ཕྲེང་སྦྲེལ་ཧྲིལ་བོའི་ཐག་གཅོད་རྣམ་པ་བརྒྱུད་དེ། འཛད་སྤྱོད་ཁེ་དབང་སྲུང་བའི་རྣམ་པ་དེ་མཇུག་སྣེ་རུ་དང་ལེན་བྱེད་པ་ནས་མགོ་ཁུངས་སུ་སྔོན་འགོག་ཚོད་འཛིན་བྱེད་པར་བསྒྱུར་བ་དང་། རྐྱེན་སྲོལ་ཆུང་ངུར་བརྟེན་ནས་དམངས་ཚིས་བྱ་བར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། རྐྱེན་སྲོལ་གྱིས་རྒྱལ་ཡོངས12315ཡི་སྟེགས་བུར་བརྟེན་ཞིང་། འཛད་སྤྱོད་ཞུ་གཏུག་རྐྱེན་སྲོལ་གནད་དོན་ཁྲིད་སྟོན་དུ་བྱས་ནས། གཞི་གྲངས་ཕྱོགས་སྡོམ་དང་། དབྱེ་ཞིབ་བརྡར་གཅོད། སྔོན་བརྡ་གསལ་འདེབས། ཁ་གཏད་ལྟ་སྐུལ་དོ་དམ། ལས་སྒྲུབ་ཕྱིར་ལྡོག་བཅས་ཀྱི་ཁ་སིམ་རྣམ་པའི་རྐྱེན་སྲོལ་བཙུགས་པ་དང་། རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་གདུབ་སིམ་རྣམ་པའི་ཐད་གཅོད་ལས་རིམ་དང་། གནད་དོན་བསྡུ་ལེན་བྱེད་ཐབས། ཚུར་སྣང་ཐག་གཅོད་བརྒྱུད་རིམ། ཆ་འཕྲིན་མཉམ་སྤྱོད་ནང་དོན་བཅས་ལེགས་སྒྱུར་བྱས། ཐོག་མར་བསྡུ་ལེན་བྱས་པ་དེ་དུས་ཐོག་ཏུ་བསྒྲུབ་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་དང་། འགན་འཁྲི་གཙོ་བོ་ལྟ་སྐུལ་སྤྱི་འདོམས་དང་འགུལ་རྣམ་རྗེས་འདེད། དུས་བཀག་ལས་སྒྲུབ་བཅས་ཀྱི་བྱ་བའི་རྣམ་པ་ལག་ལེན་དུ་བསྟར། འཛད་སྤྱོད་ཞུ་གཏུག་གི་གཞི་གྲངས་དབྱེ་ཞིབ་ལམ་ལུགས་ཚད་ལྡན་དུ་བཏང་བ་དང་། དུས་ཐོག་ཏུ་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་གནད་དོན་གྱི་ཁུངས་སྣེ་མཐོང་བར་རོགས་ཤུགས་བཏོན་ནས། གནད་དོན་ཐག་གཅོད་དང་སྡེ་ཁག་མཐུན་སྦྱོར། མ་ལག་མཉམ་འགུལ་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པ་དང་། འཛད་སྤྱོད་ཀྱི་ཁེ་དབང་སྲུང་བའི་འགན་འཁྲིའི་ཕྲེང་སྦྲེལ་ཇེ་དམ་དུ་བཏང་སྟེ། འཛད་སྤྱོད་ཀྱི་ཁེ་དབང་སྲུང་བའི་བདེ་འཇགས་སྟེམ་སྒོ་དམ་པོར་བཏང་།

ལྷ་མོ་འཚོས་བསྒྱུར།