ཞིང་ཆེན་ཡོངས་ཀྱི་ལས་བྱེད་རྒན་པའི་མཉེན་རྩལ་སྤོ་ལོའི་འགྲན་སྡུར་བསྡུས།
2025.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5ཚེས16ཉིན། ཞིང་ཆེན་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་རྒན་པའི་མཉེན་རྩལ་སྤོ་ལོའི་འགྲན་སྡུར་ཟི་ལིང་དུ་བསྡུས། ཞིང་ཆེན་ཡོངས་ནས་ཡོང་བའི་འཐུས་མིའི་རུ་ཁག9དང་ལས་བྱེད་པ་རྒན་པ་དང་ལུས་རྩལ་པ100ལྷག་མཉམ་འཛོམས་བྱས་ནས། མཉེན་རྩལ་སྤོ་ལོའི་འགྲན་སྡུར་སྟེང་རང་ཉིད་ཀྱི་ཉམས་འགྱུར་མངོན་པར་བྱས།

འགྲན་སྡུར་ཡུལ་དངོས་སུ་སྤྲོ་དགའི་རྣམ་པས་ཁེངས་ཡོད། འཐུས་མིའི་རུ་ཁག་སོ་སོས་གྲལ་དག་པའི་རུ་ཁག་གི་གྱོན་ཆས་གྱོན་པ་དང་སྤོབས་པས་ཁེངས་ཡོད།     འགྲན་སྡུར་ཁྲོད།    རུ་མི་ཚོས་ཕན་ཚུན་རམ་འདེགས་ཡག་པོ་བྱས།     ལས་བྱེད་རྒན་པ་ཚོས་རྨང་གཞི་ཏན་ཏིག་དང་ཡིད་ཆེས་ཀྱི་མཚོན་ཚུལ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་གསར་གཏོད་དང་རྩེར་སོན་གྱི་ལག་རྩལ་མངོན་པར་བྱས་པས་ཡུལ་དངོས་སུ་ཐལ་མོ་རྡེབ་སྒྲ་ཡང་ཡང་གྲགས།     འགྲན་སྡུར་ལ་ཞུགས་པའི་དཔུང་ཁག་མི་ཉུང་བས་ད་དུང་འགུལ་སྐྱོད་སྒྲིག་འགོད་ཁྲོད་མཚོ་སྔོན་གྱི་དམངས་ཁྲོད་ཞབས་བྲོའི་དབྱངས་འགྲོས་ལྟར་འཁྲབ་སྟོན་བྱས་པས་འགྲན་སྡུར་ལ་འགུལ་སྐྱོད་ཀྱི་མཛེས་པ་དང་ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་མཉམ་འཛོམས་སུ་གྱུར།

འགྲན་སྡུར་མཇུག་བསྒྲིལ་རྗེས། བློ་མཐུན་རྒན་པ་ཚོས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་གྱིས་ཁོ་ཚོར་རྩལ་ནུས་བརྗེ་རེས་དང་རང་ཉིད་ཀྱི་འཇོན་ནུས་མངོན་པའི་ཆེད་ལས་སྟེགས་བུ་འདོན་སྤྲོད་བྱས་པས། དུས་རབས་གསར་པའི་ལས་བྱེད་རྒན་པའི་སྤྲོ་སྐྱིད་ཀྱི་སེམས་ཁམས་དང་འབད་འབུངས་ཆེར་སྐྱེད་ཀྱི་རྣམ་པ་མངོན་པ་དང་།  མཉེན་རྩལ་སྤོ་ལོའི་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག ཐེབས་འདིའི་འགྲན་སྡུར་མགོ་རྩོམ་ས་གསར་པ་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་རིག་གནས་རྒྱུན་འཛིན།    སྤྱི་ཚོགས་ཞབས་ཞུ་བཅས་ཟུང་འབྲེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་རྒན་པའི་སྟོབས་ཤུགས་ཕུལ་ཡོད།

ཤ་བོ་རིན་མཚོས་བསྒྱུར།